[1B] །རྒྱ་གར་སྐད་དུ། མཧཱ་མ་ཡཱུ་རཱི་བིདྱ་རཱ་ཛྙཱི། བོད་སྐད་དུ། རིག་སྔགས་ཀྱི་ རྒྱལ་མོ་རྨ་བྱ་ཆེན་མོ། །འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། ། [2A] །ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་པོ་དག་ལ་ཕྱག་ འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ་།བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་ དཔའ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་གཅིག་ཕྱིར་འོང་བ་རྣམས་ ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ་།འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས་རིག་སྔགས་ [2B] །བདག་ལ་རིག་སྔགས་དེ་གྲུབ་པར་གྱུར་ཅིག་འབྱུང་པོའི་ཚོགས་གང་སུ་དག་ས་ལ་ རྒྱུ་བ་རྣམས་དང། ནམ་མཁའ་ལ་རྒྱུ་བ་རྣམས་དང། ཆུ་ལ་རྒྱུ་བ་རྣམས་དང། ལྷ་རྣམས་དང། ཀླུ་རྣམས་དང། ལྷ་མ་ཡིན་རྣམས་དང་ རླུང་ལྷ་རྣམས་དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། མིའམ་ཅི་རྣམས་དང། ལྟོ་འཕྱེ་ཆེན་པོ་རྣམས་དང། གནོད་ སྦྱིན་རྣམས་དང། སྲིན་པོ་རྣམས་དང། ཡི་དྭགས་རྣམས་དང། ཤ་ཟ་རྣམས་དང། འབྱུང་པོ་རྣམས་དང། གྲུལ་བུམ་རྣམས་དང་ སྲུལ་པོ་རྣམས་དང། ལུས་སྲུལ་པོ་རྣམས་དང། སྐེམ་བྱེད་རྣམས་དང་སྨྱོ་བྱེད་རྣམས་དང། གྲིབ་གནོན་རྣམས་དང། བརྗེད་བྱེད་ རྣམས་དང། གནོན་པོ་རྣམས་བདག་ལ་ཉོན་ཅིག་འབྱུང་པོའི་ཚོགས་གཟི་བྱིན་འཕྲོག་པ་རྣམས་དང། ཟས་སུ་མངལ་ཟ་བ་རྣམས་ [3A]༄༅། །དང། ཟས་སུ་ཁྲག་འཐུང་པ་རྣམས་དང། ཟས་སུ་ཞག་ཟ་བ་རྣམས་དང། ཟས་སུ་ཤ་ཟ་བ་རྣམས་དང། ཟས་སུ་ ཚིལ་ཟ་བ་རྣམས་དང། ཟས་སུ་རྐང་ཟ་བ་རྣམས་དང། ཟས་སུ་བཙས་པ་ཟ་བ་རྣམས་དང། སྲོག་འཕྲོག་པ་རྣམས་དང། ཟས་སུ་ གཏོར་མ་ཟ་བ་རྣམས་དང། ཟས་སུ་ཕྲེང་བ་ཟ་བ་རྣམས་དང། ཟས་སུ་དྲི་ཟ་བ་རྣམས་དང། ཟས་སུ་བདུག་པ་ཟ་བ་རྣམས་དང། ཟས་ སུ་མེ་ཏོག་ཟ་བ་རྣམས་དང། ཟས་སུ་འབྲས་བུ་ཟ་བ་རྣམས་དང། ཟས་སུ་ལོ་ཏོག་ཟ་བ་རྣམས་དང། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་ དང། ཟས་སུ་རྣག་ཟ་བ་རྣམས་དང། ཟས་སུ་ཕྱི་ས་ཟ་བ་རྣམས་དང། ཟས་སུ་གཅིན་འཐུང་བ་རྣམས་དང། ཟས་སུ་ལྷག་མ་ཟ་བ་ རྣམས་དང། ཟས་སུ་མཆིལ་མ་ཟ་བ་རྣམས་དང། ཟས་སུ་ངར་སྣབས་ཟ་བ་རྣམས་དང། ཟས་སུ་སྣབས་ཟ་བ་རྣམས་དང། ཟས་ [3B] ཟས་སུ་སྐྱུག་པ་ཟ་བ་རྣམས་དང། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང། སྡིག་པའི་སེམས་དང་ལྡན་པ་རྣམས་དང། སྡང་བའི་ སེམས་དང་ལྡན་པ་རྣམས་དང། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང། གཞན་གྱི་སྲོག་འཕྲོག་པ་རྣམས་བདག་ལ་ཉོན་ཅིག་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ འདི་བརྗོད་པར་བྱའོ། །སྤོས་དང། མེ་ཏོག་དང། བདུག་པ་དང། གཏོར་མ་ཡང་སྦྱིན་ནོ། །བདག་ལ་སྡིག་པའི་སེམས་དང་ལྡན་པ་རྣམས་དང། སྡང་བའི་སེམས་དང་ལྡན་པ་ རྣམས་དང། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང། གཞན་གྱི་སྲོག་འཕྲོག་པ་རྣམས་དང། ཟས་སུ་མདངས་ཟ་བའི་གདོན་ཐམས་ཅད་ནི། དེངས་ཤིག་ཞི་བའི་ སེམས་དང་ལྡན་པ་རྣམས་དང། བྱམས་པའི་སེམས་དང་ལྡན་པ་རྣམས་དང། དགེ་བའི་སེམས་དང་ལྡན་པ་རྣམས་ནི། བདག་ལ་ཉོན་ཅིག་།སངས་རྒྱས་དང། ཆོས་དང་ དགེ་འདུན་ལ་མངོན་པར་དད་པ་རྣམས་བདག་ལ་ཉོན་ཅིག་འདི་ལྟ་སྟེ་ནག་མོ་བཞིན་སྒྱུར་མ། གྲུལ་བུམ་མ། དུང་ཅན་མ། མེ་ཏོག་ཀ་མ་ལ་ལྟ་བུའི་མིག་ཅན་མ། འཕྲོག་ མ༑ སྐྲ་མདོག་ལྗང་གུ་མ། དཔལ་ལྡན་མ། སྤྲེའུ་ལྟར་དམར་སེར་མ་འཕྱང་མ། རབ་ཏུ་འཕྱང་མ། དུས་ཀྱི་ཞགས་པ་མ། བུམ་ལྟོ་མ་གཤིན་རྗེའི་ཕོ་ཉ་མོ། གཤིན་ [4A]༄༅། །རྗེའི་སྲིང་མོ། འབྱུང་པོ་ཟ་བ་མོ། མེ་ཏོག་དང། བདུག་པ་དང། དྲི་དང། གཏོར་མ་འདི་དབུལ་གྱི། བཞེས་ཤིག་འཇིགས་པ་དང་གནོད་པ་ཐམས་ ཅད་ལས་བདག་ལ་སྲུང་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་བདག་ལ་རིག་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་སཱཧཱ། འདི་ སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ ཚེ་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ས་རི་ཞེས་བྱ་བ། གཞོན་ནུ་ཐོར་བུ་ལང་ཚོ་ལ་བབ་པ་རབ་ཏུ་བྱུང་ ནས་རིང་པོ་མ་ལོན་པ། བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པ་ཆོས་འདུལ་བ་འདིར་འོངས་ནས་རིང་པོ་མ་ལོན་པ་ཞིག་གནས་པ་དེ་དགེ་འདུན་གྱི་བསྲོ་གང་བྱ་ བའི་ཕྱིར་ཤིང་གཤགས་པ་དང། ཤིང་རུལ་བའི་སེར་ཀ་ཞིག་ནས་སྦྲུལ་ནག་པོ་ཆེན་པོ་ཞིག་བྱུང་ནས་རྐང་པ་གཡས་པའི་མཐེ་བོང་ལ་ཟིན་པ་དང། ལུས་སྦྲིད་ནས་ ས་ལ་འགྱེལ་ཏེ་ལྦུ་བར་སྐྱུག་ཅིང་མིག་ཀྱང་གྱུར་ནས་ཉལ་བ་དང། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་ས་རི་ནད་ཀྱིས་བཏབ་སྟེ་སྡུག་བསྔལ་ཞིང་ནད་ཚབས་ཆེ་ [4B] ལྦུ་བར་སྐྱུག་ཅིང་མིག་ཀྱང་གྱུར་ནས་ཉལ་ཞིང་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་རིངས་པ་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་པོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་འདི་ན་དགེ་སློང་ས་རི་ཞེས་བགྱི་བ་གཞོན་ ནུ་ཐོར་བུ། ལང་ཚོ་ལ་བབ་པ། རབ་ཏུ་བྱུང་ནས་རིང་པོ་མ་ལགས་པ། བསྙེན་པར་རྫོགས་ནས་རིང་པོ་མ་ལགས་པ། ཆོས་འདུལ་བ་འདིར་མཆིས་ནས་རིང་པོར་མ་ལགས་པ་ ཞིག་གནས་པ་དེ་དགེ་འདུན་གྱི་བསྲོ་གང་བགྱི་བའི་སླད་དུ་ཤིང་གཤགས་པ་དང། ཤིང་རུལ་པའི་སེར་ཀ་ཞིག་ནས་སྦྲུལ་ནག་པོ་ཆེན་པོ་ཞིག་བྱུང་ནས་རྐང་པ་གཡས་པའི་ མཐེ་བོང་ལ་ཟིན་པ་དང། ལུས་སྦྲིད་ནས་དོག་ས་ལ་འགྱེལ་ཏེ། ལྦུ་བར་སྐྱུག་ཅིང་མིག་ཀྱང་གྱུར་ནས་ཉལ་ཞིང་མཆིས་ན། བཙུན་པ་བཅོམ་ལྡན་འདས། དེ་ལ་བདག་གིས་ ཇི་ལྟར་ནན་ཏན་དུ་བགྱི། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།ཀུན་དགའ་བོ། དེ་བཞིན་ [5A]༄༅། །གཤེགས་པའི་བཀས་ཁྱོད་སོང་ལ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་ལྷའི་གདོན་དང། ཀླུའི་གདོན་དང། ལྷ་མ་ཡིན་གྱི་གདོན་དང་ རླུང་ལྷའི་གདོན་དང། ནམ་མཁའ་ལྡིང་གི་གདོན་དང། དྲི་ཟའི་གདོན་དང། མིའམ་ཅིའི་གདོན་དང། ལྟོ་འཕྱེ་ཆེན་པོའི་གདོན་དང་གནོད་སྦྱིན་གྱི་གདོན་དང། སྲིན་ པོའི་གདོན་དང། ཡི་དྭགས་ཀྱི་གདོན་དང། ཤ་ཟའི་གདོན་དང་འབྱུང་པོའི་གདོན་དང། གྲུལ་བུམ་གྱི་གདོན་དང། སྲུལ་པོའི་གདོན་དང། ལུས་སྲུལ་པོའི་གདོན་དང་ སྐེམ་བྱེད་ཀྱི་གདོན་དང། སྨྱོ་བྱེད་ཀྱི་གདོན་དང། གྲིབ་གནོན་གྱི་གདོན་དང། བརྗེད་བྱེད་ཀྱི་གདོན་དང། གནོན་པོའི་གདོན་དང། སྐར་མའི་གདོན་དང། གཤེད་བྱེད་དང་ སྒྱུར་པའི་ལས་དང། བྱད་དང། གཡེང་བྱེད་དང། རོ་ལངས་དང་སེམས་སྒྱུར་བ་དང། རྦོད་གཏོང་དང། བཟའ་ཉེས་དང། སྐྱུག་ཉེས་དང། གནོད་སྒྲིབ་དང། གནོད་བལྟས་ དང། བྲི་ཉེས་དང། སྒོམ་ཉེས་དང། སྨད་པ་དང། རིམས་ཉིན་གཅིག་པ་དང། ཉིན་གཉིས་པ་དང། ཉིན་གསུམ་པ་དང། ཉིན་བཞི་པ་དང། ཉིན་བདུན་པ་དང། ཟླ་བ་ ཕྱེད་པ་དང། ཟླ་བ་གཅིག་པ་དང། ཉིན་མོ་པ་དང། ཡུད་ཙམ་པ་དང། རྟག་པའི་རིམས་དང། རིམས་དྲག་པོ་དང། འབྱུང་པོའི་རིམས་དང། མིའི་རིམས་དང། མི་མ་ [5B] རླུང་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང། བད་ཀན་ལས་གྱུར་པ་དང། འདུས་པ་ལས་གྱུར་པ་དང་རིམས་ཐམས་ཅད་ལས་དགེ་སློང་ ས་རི་ལ་སྲུང་བ་གྱིས་ཤིག་སྦ་བ་དང། ཡོངས་སུ་བསྐྱབ་པ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་པ་དང། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང། ཆད་པ་ སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་དང། ས་བཅིང་བ་གྱིས་ཤིག་ཀླད་པ་ན་བ་མེད་པར་གྱིས་ཤིག་གཞོགས་ ཕྱེད་ན་བ་དང། ཡི་གེ་འཆུས་པ་དང། མིག་ནད་དང། སྣ་ནད་དང། ཁ་ནད་དང། མགུལ་ནད་དང། སྙིང་ནད་དང། ལྐོག་མའི་ལྷ་གོར་ན་བ་དང། རྣ་བ་ན་བ་དང། སོ་ན་བ་དང་ སྙིང་ན་བ་དང། རྩིབ་ལོགས་ན་བ་དང། རྒྱབ་ན་བ་དང། ལྟོ་ན་བ་དང། མཁུར་པ་ན་བ་དང། ཆུ་སོ་ན་བ་དང། སྐྱེ་གནས་ན་བ་དང། རབ་ཏུ་སྐྱེ་གནས་ན་བ་དང། རྐེད་པ་ན་བ་དང་ བརླན་བ་དང། བྱིན་པ་ན་བ་དང། ལག་པ་ན་བ་དང། རྐང་པ་ན་བ་དང། ཡན་ལག་ན་བ་མེད་པར་གྱིས་ཤིག་མཚན་མོ་དགེ་དང་ཉིན་མོ་དགེ། ཉི་མའི་གུང་གི་དགེ་བ་དང། ། ཉིན་མཚན་ཀུན་གྱི་དགེ་བ་དག་སངས་རྒྱས་ཀུན་གྱིས་བདག་ལ་སྩོལ། །ཏདྱ་ཐཱ། ཨི་ཌི་བི་ཌི། ཀི་ཌི། ཧི་ཌི། མི་ཌི་ནི་ཌི། མེ་ཋེ་དོ་དུམྦཱ། ཨཱ་ཌེ། གྷཱ་ཌེ། དུརྒཱ་ཌེ། ཧི་རི་ནི། བ་ [6A]༄༅། །གུ་ཌེ༑ པཱ་ན་སུ། པི་ཤཱ་ཙི་ནི། བརྵ་ཎི། ཨཱ་རོ་ཧ་ནི། ཨ་ཧ་ཏ་ནྲི། ཨེ་ལེ། མེ་ལེ་ཏེ་ལེ། ཏི་ལི་ཏི་ལི། མེ་ལེ་མེ་ལེ་ཏི་མེ་ཏི་མེ། དུ་མེ་དུ་མེ། དུ་དུ་མེ། ཨིཊྚི། མིཊྚི་ བིཥྚ་བ་དཧེ། ཙ་པ་ལེ། བི་མ་ལེ། ཧུ་ལུ་ཧུ་ལུ། ཨ་ཤྭ་མུ་ཁི་ཀཱ་ལི་ཀཱ་ལི། ཀ་ར་ལི། མཧཱ་ཀཱ་ལི། པྲ་ཀིརྞ་ཀི་ཤེ། ཀུ་ལུ་ཀུ་ལུ། བ་སྥུ་ལུ་བ་སྥུ་ལུ། ཀོ་ལུ་ཀོ་ལུ། ཧུ་ལུ་ཧུ་ལུ། བ་ ཧུ་ལུ་བ་ཧུ་ལུ། བོ་ས་དུམྦཱ། དོ་དུཾ་བཱ། དུཾ་མ་དུཾ་བཱ། གོ་ལཱ་ཡཱ། བེ་ལཱ་ཡཱ། པ་རི་བེ་ལཱ་ཡཱ་པི་ཤུ་པི་ཤུ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ ལི་ཧི་ལི༑ མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ ལུ༑ ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། མུ་ཧུ་མུ་ཧུ། མུ་ཧུ་མུ་ཧུ། མུ་ཧུ་མུ་ཧུ། མུ་ཧུ་མུ་ཧུ། མུ་ཧུ་མུ་ཧུ། མུ་ལུ་མུ་ལུ། མུ་ལུ་མུ་ལུ། མུ་ལུ་མུ་ལུ། མུ་ལུ་མུ་ལུ་ མུ་ལུ་མུ་ལུ། ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ། བཱ་བཱ་བཱ་བཱ་བཱ་བཱ་བཱ་བཱ་བཱ་བཱ། པཱ་པཱ་པཱ་པཱ་པཱ་པཱ་པཱ་པཱ་པཱ་པཱ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ། ད་མ་ ད་མ་ནི༑ ཏ་པ་ཏ་པ་ནི། ཛྭ་ལ་ཛྭ་ལ་ནི། པ་ཙ་པ་ཙ་ནི་དུནྡུ་བཧི། གརྫ་ནི། བརྵ་ནི། སྥོ་ཊ་ནི། ཏ་པ་ནི་ཏཱ་པ་ནི་པ་ཙ་ནི་པཱ་ཙ་ནི། ཧ་རི་ཎི་ཧཱ་རི་ཎི། ཀཱ་རི་ཎི། ཀི་མི་ནི་ཀཾ་ [6B] མརྡ་ནི། མཎྜ་ཏི་ཀེ་ཀྵེ་མཾ་ཀ་རི་མ་ཀ་རི། ཤ་ཀ་རི། ཤརྐ་རི། ཀརྐ་རི། ཤ་བ་རི། ཤཾ་ཀ་རི། ཛྭ་ལ་ཛྭ་ལ་ནི། དུ་མ་དུཾ་བ་ནི། སུ་ཀུ་སུ་མེ། གོ་ལཱ་ཡཱ། བེ་ལཱ་ཡཱ། པ་རི་པེ་ལཱ་ ཡཱ༑ ལྷས་ཀུན་ཏུ་ཆར་ཕོབས་ཤིག་ཨི་ལི་ཀི་སི་སཱཧཱ། ང་ནི་ཡུལ་འཁོར་སྲུང་ལ་བྱམས། །ས་སྲུང་བུ་ལའང་ང་བྱམས་ཏེ། །ང་ནི་མིག་མི་བཟང་ལ་བྱམས། །གོའུ་ཏ་མ་ནི་ ནག་པོ་དང། །ང་ནི་ཀླུ་རྒྱལ་ནོར་བུ་དང། །ང་ནི་ནོར་རྒྱས་བུ་ལའང་བྱམས། །དབྱུག་བ་རྐང་གི་ཀླུ་དག་དང། །གང་བ་བཟང་ལའང་ང་རྟག་ཏུ། །ཀླུ་གང་དགའ་བོ་ཉེ་དགའ་བོ། ། ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ལྡན་ཞིང་ལྷ་མིན་དང། །ལྷ་ཡི་གཡུལ་ཡང་མྱོང་བར་བྱེད། །མ་དྲོས་ཀླུ་དང་ཆུ་ལྷ་དང། །ཛམ་པ་ལེན་པ་ལ་ཡང་བྱམས། ། འཇོག་པོ་དང་ནི་མཐའ་ཡས་དང། །དེ་བཞིན་ནོར་གྱི་སྒོ་དང་ནི་།གཞན་ལས་རྒྱལ་ལ་ང་བྱམས་ཏེ། །གཅོད་དང་ལྡན་པའི་བུ་ལ་བྱམས། །རྟག་པར་གཟི་ཅན་ཆེན་པོ་དང། །གཟི་ ཅན་ལ་ཡང་དེ་བཞིན་ནོ། །ཕུབ་མ་མེད་དང་དུང་ཅན་དང། །ལོངས་སྤྱོད་ལྡན་དང་དགེ་ཚུལ་དང། །ཁ་ན་ཞོ་དང་ནོར་བུ་དང་།པདྨ་དཀར་པོ་ཕྱོགས་དག་དང། །སྟོབས་ཀྱི་རྒྱུ་དང་ དུང་སྐྱོང་དང། །ལྭ་བ་དང་ནི་མགྱོགས་མཆོག་དང། །ཀླུ་ཡི་རྒྱལ་པོ་དེ་དག་ལ། །ང་ནི་རྟག་ཏུ་བྱམས་པ་ཡིན། །གནས་བཅས་ཆུ་སྲིན་ཀུམྦྷི་ར། །དེ་བཞིན་ཁབ་ཀྱི་སྤུ་དག་དང།། [7A]༄༅། །བྲང་འགྲོའི་བདག་པོ་ནག་པོ་དང། །དྲང་སྲོང་ལ་ཡང་ང་བྱམས་སོ། །དེ་བཞིན་རྣ་བ་ཚང་བ་དང། །ཤིང་རྟའི་བཞིན་ལ་བྱམས་པ་སྟེ། །གཟི་ཅན་དང་ ནི་རབ་དགའ་དང། །བད་སའི་བུ་ལ་ང་རྟག་ཏུ། །ང་ནི་ཨེ་ལའི་འདབ་ལ་བྱམས། །འཕྱང་པའི་ཚུལ་ལའང་ང་བྱམས་ཏེ། །མི་མིན་ཀླུ་ནི་གང་དག་དང། །དེ་བཞིན་མི་ཡི་ བླ་མ་དང། །ཀླུ་ཆེན་ཚོལ་བའི་ཚུལ་ཅན་དང། །བཏང་བཟུང་ཞེས་ནི་གྲགས་པ་དང། །ཀླུ་གང་ས་ལ་རྒྱུ་དག་དང། །དེ་བཞིན་ཆུ་ལ་གནས་རྣམས་དང། །གང་དག་བར་ སྣང་རྒྱུ་བ་དང། །གང་དག་ལྷུན་པོར་གནས་པ་དང། །མགོ་གཅིག་པ་དང་མགོ་གཉིས་པ། །དེ་དག་ལ་ནི་ང་རྟག་བྱམས། །རྐང་པ་མེད་ལ་ང་བྱམས་ཏེ། །རྐང་གཉིས་ པ་ལའང་པ་བྱམས་སོ། །རྐང་བཞི་པ་ལའང་ང་བྱམས་སོ། །རྐང་མང་ལ་ཡང་ང་བྱམས་སོ། །རྐང་མེད་ང་ལ་གནོད་མ་བྱེད། །རྐང་གཉིས་ང་ལ་གནོད་མ་བྱེད། །རྐང་ བཞི་ང་ལ་གནོད་མ་བྱེད། །རྐང་མང་ང་ལ་གནོད་མ་བྱེད། །གང་དག་ཆུ་ལ་གནས་པ་ཡི། །ཀླུ་རྣམས་ཀུན་ལ་ང་བྱམས་སོ། །གང་སུ་ས་ལ་གནས་པ་ཡི། །འབྱུང་པོ་ ཀུན་ལ་ང་བྱམས་སོ། །སེམས་ཅན་གང་དག་གནས་པར་བཅས། །སེམས་ཅན་ཀུན་ལ་ང་བྱམས་སོ། །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་དག་ནི་ [7B] །ཐམས་ཅད་བདེ་བ་འབའ་ཞིག་ཤོག་ཐམས་ཅད་ནད་ནི་མེད་གྱུར་ཅིག་ཀུན་གྱིས་བཟང་པོ་མཐོང་བར་ཤོག་གང་ཡང་སྡིག་པར་མ་གྱུར་ཅིག་བྱམས་ པའི་སེམས་ལ་གནས་ནས་སུ། །དུག་ནི་རབ་ཏུ་གསད་པར་བྱ། །བསྲུང་དང་ཡོངས་སུ་གཟུང་བ་དང། །དེ་བཞིན་ཡོངས་སུ་བསྐྱང་བར་བྱ་།སངས་རྒྱས་ཕྱག་འཚལ་བྱང་ཆུབ་ཕྱག་ འཚལ་ལོ། །གྲོལ་གྱུར་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །ཞི་གྱུར་ཕྱག་འཚལ་ཞི་ལ་ཕྱག་འཚལ་ལོ། །རྣམ་གྲོལ་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་གང་ དག་སྡིག་པའི་ཆོས་རྣམས་བསལ་བར་གྱུར་པ་དེ་དག་ལ་ཡང་ཕྱག་འཚལ་ལོ། །དེ་དག་གིས་བདག་ལ་སྲུང་བ་གྱིས་ཤིག་འཇིགས་པ་ཐམས་ཅད་དང། གནོད་པ་ཐམས་ཅད་ དང། ནད་འགོ་བ་དང། འཁྲུག་པ་ཐམས་ཅད་དང། རིམས་ཐམས་ཅད་དང། ནད་ཐམས་ཅད་དང། གདོན་ཐམས་ཅད་དང། དུག་ཐམས་ཅད་ལས་སྲུང་བ་གྱིས་ཤིག་ལོ་ བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཀུན་དགའ་བོ། སྔོན་བྱུང་བ་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་ བྱ་བ་ཞིག་གནས་ཏེ། དེ་ནང་པར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདེ་ལེགས་སུ་འགྱུར་བར་བྱས་ཏེ་ཉིན་མོ་དགེ་བར་གནས་ནུབ་ཀར་བདེ་ལེགས་སུ་འགྱུར་ [8A]༄༅། །པར་བྱས་ཏེ་མཚན་མེ་དགེ་བར་གནས་སོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །རིག་སྔགས་ ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧུ་ཧུ། ཧུ་ཧུ། ཧུ་ཧུ། ནཱ་ག་ལེ་ལེ་ལེ། དུཾ་བ་ལེ་ལེ་ལེ། ནཱ་ག་ལེ་ལེ་ལེ། ཧུ་ཡ་ཧུ་ཡ། བི་ཛ་བི་ཛ། ཐུ་སུ་ཐུ་སུ། གུ་ ལུ་གུ་ལུ༑ ཧུ་ཙེ་ཛི་ནི་ཙེ་ཛི་ནི། ཨ་གུ་ལུ། ཨེ་ལཱ་མེ་ལཱ། ཨེ་ལཱ་མེ་ལཱ། ཏི་ལི་མེ་ལཱ། ཨི་ལི་མིཏྟེ། ཨི་ལི་ཏི་ལི་མིཏྟེ། དུཾ་བེ་སུ་དུཾ་བེ། ཏོ་སུ་ཏོ་སུ། གོ་ལཱ་བེ་ལཱ། ཙ་པ་ལཱ་ བི་མ་ལཱ༑ ཨིཊྚི་རི། བྷིཊྚི་རི། རིཊྚི་རི། ན་མོ་བུདྡྷ་ནན། ཙི་ལི་ཀི་སི། གོ་དོ་ཧི་ཀཱ། ན་མོ་ཨརྷ་ཏཱན། ཧཱ་ལ་ཧཱ་ལ། ལྷས་ཕྱོགས་བཅུ་ཀུན་ཏུ་ཆར་ཕོབས་ཤིག་སངས་རྒྱས་ རྣམས་ལ་ཕྱག་འཚལ་ལོ་སཱཧཱ། དེ་དུས་གཞན་ཞིག་ན་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་སྲུང་བ་དང། བདེ་ལེགས་སུ་འགྱུར་བ་མ་བྱས་པར་འདོད་པ་རྣམས་ ལ་ཞེན་ཅིང་ཆགས་ཏེ་རྒྱགས་པས་མྱོས་ནས་རབ་ཏུ་རྨོངས་ཤིང་བརྒྱལ་བ་དང་འདྲ་བར་གྱུར་ནས་རབ་ཏུ་ཞེན་ཏེ། ནགས་ཀྱི་རྨ་བྱ་གཞོན་ནུ་མང་པོ་དང་ལྷན་ཅིག་ཏུ་ ཀུན་དགའ་ར་བ་ནས་ཀུན་དགའ་ར་བར། སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ། རིའི་ངོས་ནས་རིའི་ངོས་སུ་རྒྱུ་ཞིང་སོང་སོང་བ་ལས་དེ་བག་མེད་པར་གྱུར་ནས་ [8B]རིང་དུ་ཕྱིར་རྒོལ་བ། དགྲར་གྱུར་པ། འཚེ་བར་གྱུར་པ། གླགས་ལྟ་བ་རྣམས་ཀྱིས་རྨ་བྱ་རྙིས་བཟུང་སྟེ། དེ་མི་ མཛའ་བའི་ནང་དུ་སོན་པ་དང་དྲན་པ་སླར་རྙེད་ནས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཉིད་ཡིད་ལ་བྱས་སོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། ། དགེ་འདུན་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧུ་ཧུ་ཧུ་ཧུ། ནཱ་ག་ལེ་ལེ་ལེ་དུཾ་བ་ལེ་ལེ་ལེ། ནཱ་ག་ལེ་ལེ་ལེ། ཧུ་ཡ་ཧུ་ཡ་ བི་ཛ་བི་ཛ། ཐུ་སུ་ཐུ་སུ། གུ་ལུ་གུ་ལུ། ཧུ་ཙེ་ཛི་ནི། ཙེ་ཛི་ནི། ཨ་གུ་ལུ། ཨེ་ལཱ་མེ་ལཱ། ཨེ་ལ་མེ་ལཱ། ཏི་ལི་མེ་ལཱ། ཨི་ལི་མིཏྟེ། ཨི་ལི་ཏི་མི་ལིཏྟི། དུཾ་བེ། སུ་དུཾ་བེ། ཏོ་སུ་ཏོ་སུ་ གོ་ལཱ༑ བེ་ལཱ། ཙ་བེ་ལཱ། བི་མ་ལཱ། ཨིཊྚི་རི། བིཊྚི་རི། རིཊྚི་རི། ན་མོ་བུདྡྷཱ་ནཱན། ཙི་ལི་ཀི་སི། གོ་དོ་ཧི་ཀཱ། ན་མོ་ཨརྷ་ཏཱན། ཧཱ་ལ་ཧཱ་ལ། ལྷས་ཕྱོགས་ཀུན་ཏུ་ཆར་ཕོབས་ ཤིག་སངས་རྒྱས་ལ་ཕྱག་འཚལ་ལོ་སཱཧཱ། དེ་ནས་དེ་སྡུག་བསྔལ་དེ་ལས་ཐར་ཏེ་དགེ་བ་དང། བདེ་བར་བདག་གི་ཡུལ་དུ་ཕྱིན་ནས་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་ བཟླས་སོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ལ་ཕྱག་འཚལ་ལོ།། [9A]༄༅། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། སི་དཧེ། སུ་སིདྡྷེ། མོ་ཙ་ནི། མོ་ཀྵ་ཎི། མུཀྟེ་བི་མུཀྟེ། ཨ་མ་ལེ། བི་མ་ལེ། ནིརྨ་ ལེ༑ ཨཎྜ་རེ། པཎྜ་རེ། མཾ་ག་ལེ། མཾ་ག་ལྱེ། ཧི་ར་ཎྱེ། ཧི་ར་ཎྱེ། གརྦྷེ་རཏྣེ། རཏྣ་གརྦྷེ་བྷ་དྲེ། སུ་བྷ་དྲེ། ས་མནྟ་བྷ་དྲེ། ཤཱི་བྷ་དྲེ། སརྦ་ཨརྠ་སཱ་དཱ་ནི། པ་ར་མཱརྠ་སཱ་དྷ་ནི་ སརྦྦ་ཨ་ནརྠ་པྲ་ཤ་མ་ནི། སརྦྦ་མཾ་ག་ལ་སཱ་དྷ་ནི་སརྦ་ཨ་མཾ་ག་ལ་སཱ་དྷ་ནི། ཡེ་ཤོ་བ་ཏི། མ་ན་སི། མཱ་ན་སི་མ་ཧཱ་མ་ན་སི། ཨད་བཧུ་དེ། ཨ་ཏྱད་བཧུ་དེ། མུཀྟེ། བི་མུཀྟེ། མོ་ ཙ་ནི༑ མོ་ཀྵ་ནི། ཨ་ཙྱུ་ཏེ། ཨ་ར་ཛེ། བི་ར་ཛེ། བི་མ་ལེ་ཨ་མྲྀ་ཏེ། ཨ་མྲྀ་ཏ་བརྵ་ཎི། ཨ་མ་རེ། ཨ་མ་རི་ཎི། པྲཧྨེ་བྲཧྨ་སྭ་རེ། པཱུརྞེ། པཱུརྞ་མ་ནོ་ར་ཐེ། ཨམྲྀ་ཏེ་ཨ་མྲྀ་ཏ་ སཉྫཱི་བ་ནི། ཤཱི་བྷ་དྲེ། ཙནྡྲེ། ཙནྡྲ། པྲ་བཧེ། སཱུརྱ་སཱུརྱ་ཀཱནྟེ། བའི་ཏ་བྷ་ཡེ། སརྦ་སུ་བརྞེ། སུ་བརྞ་པྲ་བཧེ་བྲཧྨ་གྷོ་ཥ། བྲཧྨ་ཛུཥྚེ། སརྦྦ་ཏྲ། ཨ་པྲ་ཏི་ཧ་ཏེ་སཱཧཱ། སངས་རྒྱས་ ལ་ཕྱག་འཚལ་ལོ། །བདག་ལ་དགེ་བ་དང་སྲུང་བ་མཛད་དུ་གསོལ་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག། ཏདྱ་ཐཱ། ཧུ་ཙི་གུ་ཙི་གྷུ་ཙི། མུ་ ཙི་སཱཧཱ། ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ། །དེ་ [9B] ཀུན་དགའ་བོ། ང་ཉིད་དེའི་ཚེ་དེའི་དུས་ན་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བར་གྱུར་ཏོ། །ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་པོའི་ སྙིང་པོ་འདི་ཡང་བཟླ་བར་བྱའོ། །ཏདྱ་ཐཱ། ཨི་ལི་མིཏྟེ། ཏི་ལི་མིཏྟེ། ཏི་ལི་མི་ལི་མིཏྟི། ཏི་ལི་མི་ལི་མིཏྟི། ཏི་ལི་མི་ལི། མི་ལི་ཏི་ལི། ཏི་ལི་མིཏྟི། བི་ལི་མི་ལི་མིཏྟི། བི་ལི་ མི་ལི་མིཏྟི། བི་ལི་མི་ལི་མི་ལི་ཏི་ལི་མི་ལི། སུ་དུཾ་བཱ། དུཾ་བཱ་སུ་བ་ཙ། ཙི་རི་ཀི་སི་ཡཱ། བཧིན་ན་མ་ཌི། ན་མོ་བུདྡྷཱ་ནན་ཙི་ལི་ཀི་སི། པྲཱནྟ་མའུ་ལེ། ཨི་ཏི་ཧཱ་རེ། ལོ་ཧི་ཏ་མའུ་ལེ་ དུཾ་བཱ༑ སུ་དུཾ་བཱ། ཀུཊྚི། ཀུ་ནཊྚི། ཀུ་ཀུ་ནཊྚི། ཏི་ལ་ཀུཉྫ་ནཊྚི། ལྕང་ལོ་ཅན་དུ་ལྷས་ཟླ་བ་དྒུའམ། ཟླ་བ་བཅུར་ཆར་ཕོབས་ཤིག་ཨི་ལི་མི་ལི། ཀི་ལི་མི་ལི། ཀི་ལི་མེ་ ལེ༑ ཀེ་ཏུ་མའུ་ལེ། དུ་དུཾ་བེ། སུ་དུཾ་པེ་ཌེ། ད་བི་མེ། སནྡུ་བཊྚེ་བུ་ས་བཊྚེ། བུ་ས་ར། བུ་ས་ར། དྷ་ན་བ་སྟ་ར་ཀེ། ནཀྐ་ལཱ་ནརྐ་ལི་མི། ཁ་ལི་མ་གྷོ་ཥ། ར་ཁི་ལེ། ཨི་ཏི་སད་ཛ་ ལེ༑ དུཾ་བེ། སུ་དུཾ་བེ། ཨཊྚེ། ནཊྚེ། པྲ་ནཊྚེ། ཨ་ན་ཎཊྚེ། ཨ་ན་མཱ་ལེ། ལྷས་ཀུན་ནས་ཆུ་གསར་པའི་ཆར་ཕོབས་ཤིག་ནཱ་རཱ་ཡ་ནི། པཱ་རཱ་ཡ་ནི། ཧ་རི་ཏཱི་ལ། ཀུནྟཱ་ལི། ཨི་ལི་ མི་སྟི༑ ཀི་ལ་ཏི་ལི་མི་སྟི། འགྲོ་ལྡིང་བའི་གསང་སྔགས་ཀྱི་ཚིག་འདི་དག་གྲུབ་པར་གྱུར་ཅིག་སཱཧཱ། ཀུན་དགའ་བོ། འདི་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་སྙིང་ [10A]༄༅། །པོ་ཡིན་ནོ། །ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་པོ་འདི་གྲོང་ན་འདུག་པ་ན་ཡང་ཡིད་ལ་བྱའོ། །དགོན་པ་ན་འདུག་གམ། ལམ་ན་འདུག་ གམ༑ ལམ་གོལ་བ་ན་འདུག་གམ། རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་གམ། ཆོམ་རྐུན་གྱི་ནང་ན་འདུག་གམ། མེའི་ནང་ན་འདུག་གམ། ཆུའི་ནང་ན་འདུག་གམ། དགྲའི་ ནང་ན་འདུག་གམ། ཕྱིར་རྒོལ་བ་དང། དགྲ་བོའི་ནང་ན་འདུག་གམ་འཁོར་གྱི་ནང་ན་འདུག་གམ། རྩོད་པའི་ནང་ན་འདུག་གམ། སྦྲུལ་གྱིས་ཟིན་ཏམ་དུག་འཐུངས་ སམ༑ འཇིགས་པ་ཐམས་ཅད་འདུས་པ་ན་ཡང་ཡིད་ལ་བྱའོ། །རླུང་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང། བད་ཀན་ལས་གྱུར་པ་དང། འདུས་པ་ལས་གྱུར་པ་དང་ ནད་བཞི་བརྒྱ་རྩ་བཞི་ལས་ནད་གང་ཡང་རུང་བས་བཏབ་པར་གྱུར་པ་དང། ཕོངས་པར་གྱུར་པ་ན་ཡང་ཤིན་ཏུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། གསད་ པའི་རིགས་པ་ནི། ཆད་པས་བྲལ་བར་འགྱུར་རོ། །ཆད་པས་གཅད་པའི་རིགས་པ་ནི། བཞུ་བཙོག་གིས་སོ། །བཞུ་བཙོག་པའི་རིགས་པ་ནི། སྤྱོ་བས་སོ། །སྤྱོ་བའི་ རིགས་པ་ནི། དམ་བཅས་པས་སོ། །དམ་བཅས་པའི་རིགས་པ་ནི། སྤུ་ཟིང་ཞེས་བྱ་བས་སོ། །སྤུ་ཟིང་ཞེས་བྱ་བའི་རིགས་པ་ནི། དེ་བཞིན་དུ་ཐར་པར་འགྱུར་ཏེ། དེའི་ [10B][?]ནད་ཐམས་ཅད་ཀྱང་ལྡོག་པར་འགྱུར་རོ། །ཀུན་དགའ་བོ་རིག་སྔགས་དང། གསང་སྔགས་ཀྱི་ཚིག་འདི་ཡང་ཡིད་ལ་བྱའོ་།ཏདྱ་ཐཱ། ཙི་ལི་མི་ལི། ཀི་ལི་མི་ལི། ཀེ་དའུ་ མའུ་ལེ༑ བུ་ས་བཊྚེ། བུ་ས་རི་ཎི། བུ་ད་རི་ཎི། ཀེ་བཊྚེ། ཀེ་བཊྚེ་ཀ། མའུ་ལེ། ཨི་ཏི་ཤ་བ་རེ། དུཾ་བ། བེ་དུཾ་བེ། པྲི་ཡཾ་ཀ་རེ་ཨཱ་བཊྚེ། པ་རི་བཊྚེ། ལྷས་ཀུན་ཏུ་ཆུ་སར་པའི་ཆར་ཕོབས་ ཤིག་ན་མོ་བྷ་ག་བ་ཏེ། ཨིཊྚཊྚ་ཡ། ཨིནྡྲ་གོ་མི་སི་ཀཱ་ཡ་བྷྀངྒ་རི་ཀཱ་ཡ། ཨཱ་ཤ་ནེ། བཱ་ཤ་ནེ། པཱ་པ་ནི་ཀུའུ་ལེ། ཀ་པི་ལི་མིཊྚེ། ཨི་ལི་མིཊྚེ། སངས་རྒྱས་བཅོམ་ལྡན་འདས་ལ་ ཕྱག་འཚལ་ལོ། །གསང་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་སཱཧཱ། ཀུན་དགའ་བོ། དེ་བཞིན་གཤེགས་པས་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་ སྲུང་བར་གྱིས་ཤིག་ཡོངས་སུ་བསྐྱབ་པ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་དང། ས་བཅིང་བགྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ ཅིག་ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་སྲུང་བ་བྱས་ཤིང་སྦ་བ་དང། ཡོངས་སུ་བསྐྱབ་པ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་ [11A]༄༅། །དང། ཞི་བ་དང། བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་ པ་དང། ས་བཅིང་བ་བྱས་པ་ལ་རྣམ་པར་འཚེ་བའི་ཕྱིར་འོང་བ་ལྷའམ། ལྷ་མོའམ། ལྷའི་བུ་ཕོའམ། ལྷའི་བུ་མོའམ། ལྷ་རྒན་པོའམ། ལྷ་རྒན་མོའམ། ལྷའི་འཁོར་ཕོའམ་ ལྷའི་འཁོར་མོའམ། ཀླུའམ། ཀླུ་མོའམ། ཀླུའི་བུ་ཕོའམ། ཀླུའི་བུ་མོའམ། ཀླུ་རྒན་པོའམ། ཀླུ་རྒན་མོའམ། ཀླུའི་འཁོར་ཕོའམ། ཀླུའི་འཁོར་མོའམ། ལྷ་མ་ཡིན་ནམ། ལྷ་མ་ ཡིན་མོའམ། ལྷ་མ་ཡིན་གྱི་བུ་ཕོའམ། ལྷ་མ་ཡིན་གྱི་བུ་མོའམ། ལྷ་མ་ཡིན་རྒན་པོའམ། ལྷ་མ་ཡིན་རྒན་མོའམ། ལྷ་མ་ཡིན་གྱི་འཁོར་ཕོའམ། ལྷ་མ་ཡིན་གྱི་འཁོར་མོའམ་ རླུང་ལྷའམ། རླུང་ལྷ་མོའམ། རླུང་ལྷའི་བུ་ཕོའམ། རླུང་ལྷའི་བུ་མོའམ། རླུང་ལྷ་རྒན་པོའམ། རླུང་ལྷ་རྒན་མོའམ། རླུང་ལྷའི་འཁོར་ཕོའམ། རླུང་ལྷའི་འཁོར་མོའམ་ ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་མོའམ། ནམ་མཁའ་ལྡིང་གི་བུ་ཕོའམ། ནམ་མཁའ་ལྡིང་གི་བུ་མོའམ། ནམ་མཁའ་ལྡིང་རྒན་པོའམ། ནམ་མཁའ་ལྡིང་རྒན་ མོའམ༑ ནམ་མཁའ་ལྡིང་གི་འཁོར་ཕོའམ། ནམ་མཁའ་ལྡིང་གི་འཁོར་མོའམ། དྲི་ཟའམ། དྲི་ཟ་མོའམ། དྲི་ཟའི་བུ་ཕོའམ། དྲི་ཟའི་བུ་མོའམ། དྲི་ཟ་རྒན་པོའམ། དྲི་ [11B] དྲི་ཟའི་འཁོར་ཕོའམ། དྲི་ཟའི་འཁོར་མོའམ་མིའམ་ཅིའམ། མིའམ་ཅི་མོའམ། མིའམ་ཅིའི་བུ་ཕོའམ། མི་འམ་ཅིའི་བུ་མོའམ། མིའམ་ཅིའི་རྒན་པོའམ། མི་ འམ་ཅི་རྒན་མོའམ། མིའམ་ཅིའི་འཁོར་ཕོའམ། མིའི་ཅིའི་འཁོར་མོའམ། ལྟོ་འཕྱེ་ཆེན་པོའམ། ལྟོ་འཕྱེ་ཆེན་མོའམ། ལྟོ་འཕྱེ་ཆེན་པོའི་བུ་ཕོའམ། ལྟོ་འཕྱེ་ཆེན་པོའི་བུ་མོའམ་ ལྟོ་འཕྱེ་ཆེན་པོ་རྒན་པོའམ། ལྟོ་འཕྱེ་ཆེན་པོ་རྒན་མོའམ། ལྟོ་འཕྱེ་ཆེན་པོའི་འཁོར་ཕོའམ། ལྟོ་འཕྱེ་ཆེན་པོའི་འཁོར་མོའམ་གནོད་སྦྱིན་ནམ། གནོད་སྦྱིན་མོའམ། གནོད་སྦྱིན་ གྱི་བུ་ཕོའམ། གནོད་སྦྱིན་གྱི་བུ་མོའམ། གནོད་སྦྱིན་རྒན་པོའམ་གནོད་སྦྱིན་རྒན་མོའམ། གནོད་སྦྱིན་གྱི་འཁོར་ཕོའམ། གནོད་སྦྱིན་གྱི་འཁོར་མོའམ། སྲིན་པོའམ། སྲིན་མོའམ། སྲིན་ པོའི་བུ་ཕོའམ། སྲིན་པོའི་བུ་མོའམ། སྲིན་པོ་རྒན་པོའམ། སྲིན་པོ་རྒན་མོའམ། སྲིན་པོའི་འཁོར་ཕོའམ། སྲིན་པོའི་འཁོར་མོའམ། ཡི་དྭགས་སམ། ཡི་དྭགས་མོའམ་ ཡི་དྭགས་ཀྱི་བུ་ཕོའམ། ཡི་དྭགས་ཀྱི་བུ་མོའམ། ཡི་དྭགས་རྒན་པོའམ། ཡི་དྭགས་རྒན་མོའམ། ཡི་དྭགས་ཀྱི་འཁོར་མོའམ། ཤ་ཟའམ་ ཤ་ཟ་མོའམ། ཤ་ཟའི་བུ་ཕོའམ། ཤ་ཟའི་བུ་མོའམ། ཤ་ཟ་རྒན་པོའམ། ཤ་ཟ་རྒན་མོའམ། ཤ་ཟའི་འཁོར་ཕོའམ། ཤ་ཟའི་འཁོར་མོའམ། འབྱུང་པོའམ། འབྱུང་པོ་ [12A]༄༅། །མོའམ༑ འབྱུང་པོའི་བུ་ཕོའམ། འབྱུང་པོའི་བུ་མོའམ་འབྱུང་པོ་རྒན་པོའམ། འབྱུང་པོ་རྒན་མོའམ། འབྱུང་པོའི་འཁོར་ཕོའམ། འབྱུང་པོའི་འཁོར་ མོའམ༑ གྲུལ་བུམ་མམ། གྲུལ་བུམ་མོའམ། གྲུལ་བུམ་གྱི་བུ་ཕོའམ། གྲུལ་བུམ་གྱི་བུ་མོའམ། གྲུལ་བུམ་རྒན་པོའམ། གྲུལ་བུམ་རྒན་མོའམ། གྲུལ་བུམ་གྱི་ འཁོར་ཕོའམ། གྲུལ་བུམ་གྱི་འཁོར་མོའམ། སྲུལ་པོའམ། སྲུལ་པོ་མོའམ། སྲུལ་པོའི་བུ་ཕོའམ། སྲུལ་པོའི་བུ་མོའམ། སྲུལ་པོ་རྒན་ཕོའམ། སྲུལ་པོ་རྒན་མོའམ་ སྲུལ་པོའི་འཁོར་ཕོའམ། སྲུལ་པོའི་འཁོར་མོའམ། ལུས་སྲུལ་པོའམ་ལུས་སྲུལ་པོ་མོའམ། ལུས་སྲུལ་པོའི་བུ་ཕོའམ། ལུས་སྲུལ་པོའི་བུ་མོའམ་ ལུས་སྲུལ་པོ་རྒན་པོའམ། ལུས་སྲུལ་པོ་རྒན་མོའམ། ལུས་སྲུལ་པོའི་འཁོར་ཕོའམ། ལུས་སྲུལ་པོའི་འཁོར་མོའམ། སྐེམ་བྱེད་དམ། སྐེམ་བྱེད་མོའམ་ སྐེམ་བྱེད་ཀྱི་བུ་ཕོའམ། སྐེམ་བྱེད་ཀྱི་བུ་མོའམ། སྐེམ་བྱེད་རྒན་པོའམ། སྐེམ་བྱེད་རྒན་མོའམ། སྐེམ་བྱེད་ཀྱི་འཁོར་ཕོའམ། སྐེམ་བྱེད་ཀྱི་འཁོར་མོའམ། སྨྱོ་བྱེད་ དམ༑ སྨྱོ་བྱེད་མོའམ། སྨྱོ་བྱེད་ཀྱི་བུ་ཕོའམ། སྨྱོ་བྱེད་ཀྱི་བུ་མོའམ། སྨྱོ་བྱེད་རྒན་པོའམ། སྨྱོ་བྱེད་རྒན་མོའམ། སྨྱོ་བྱེད་ཀྱི་འཁོར་ཕོའམ། སྨྱོ་བྱེད་ཀྱི་འཁོར་མོའམ་ [12B] གྲིབ་གནོན་མོའམ། གྲིབ་གནོན་གྱི་བུ་ཕོའམ་གྲིབ་གནོན་གྱི་བུ་མོའམ། གྲིབ་གནོན་རྒན་པོའམ། གྲིབ་གནོན་རྒན་མོའམ། གྲིབ་གནོན་གྱི་འཁོར་ ཕོའམ༑ གྲིབ་གནོན་གྱི་འཁོར་མོའམ། བརྗེད་བྱེད་དམ། བརྗེད་བྱེད་མོའམ། བརྗེད་བྱེད་ཀྱི་བུ་ཕོའམ། བརྗེད་བྱེད་ཀྱི་བུ་མོའམ། བརྗེད་བྱེད་རྒན་པོའམ། བརྗེད་བྱེད་རྒན་ མོའམ༑ བརྗེད་བྱེད་ཀྱི་འཁོར་ཕོའམ། བརྗེད་བྱེད་ཀྱི་འཁོར་མོའམ་གནོན་པོའམ། གནོན་པོ་མོའམ། གནོན་པོའི་བུ་ཕོའམ། གནོན་པོའི་བུ་མོའམ། གནོན་པོ་རྒན་ པོའམ༑ གནོན་པོ་རྒན་མོའམ། གནོན་པོའི་འཁོར་ཕོའམ། གནོན་པོའི་འཁོར་མོའམ། འགའ་ཡང་འོང་བར་ངས་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་ བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་རྒུ་དང་བཅས་པ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་།གླགས་ཚོལ་བར་འདོད་ཅིང་གླགས་ལྟ་ན་ ཡང་གླགས་མི་རྙེད་དོ། །ལྷ་ནི། ལྷ་འདུ་བའི་གནས་སུ་མ་ཡིན། ཀླུ་ནི། ཀླུ་འདུ་བའི་གནས་སུ་མ་ཡིན། ལྷ་མ་ཡིན་ནི། ལྷ་མ་ཡིན་འདུ་བའི་གནས་སུ་མ་ཡིན། རླུང་ལྷ་ནི་ རླུང་ལྷ་འདུ་བའི་གནས་སུ་མ་ཡིན། ནམ་མཁའ་ལྡིང་ནི། ནམ་མཁའ་ལྡིང་འདུ་བའི་གནས་སུ་མ་ཡིན། དྲི་ཟ་ནི། དྲི་ཟ་འདུ་བའི་གནས་སུ་མ་ཡིན། མིའམ་ཅི་ནི། མིའམ་ [13A]༄༅། །ཅི་འདུ་བའི་གནས་སུ་མ་ཡིན། ལྟོ་འཕྱེ་ཆེན་པོ་ནི། ལྟོ་འཕྱེ་ཆེན་པོ་འདུ་བའི་གནས་སུ་མ་ཡིན། གནོད་སྦྱིན་ནི། གནོད་སྦྱིན་འདུ་བའི་གནས་སུ་མ་ཡིན་ སྲིན་པོ་ནི། སྲིན་པོ་འདུ་བའི་གནས་སུ་མ་ཡིན། ཡི་དྭགས་ནི། ཡི་དྭགས་འདུ་བའི་གནས་སུ་མ་ཡིན། ཤ་ཟ་ནི། ཤ་ཟ་འདུ་བའི་གནས་སུ་མ་ཡིན། འབྱུང་པོ་ནི་ འབྱུང་པོ་འདུ་བའི་གནས་སུ་མ་ཡིན། གྲུལ་བུམ་ནི། གྲུལ་བུམ་འདུ་བའི་གནས་སུ་མ་ཡིན། སྲུལ་པོ་ནི། སྲུལ་པོ་འདུ་བའི་གནས་སུ་མ་ཡིན། ལུས་སྲུལ་པོ་ནི་ ལུས་སྲུལ་པོ་འདུ་བའི་གནས་སུ་མ་ཡིན། སྐེམ་བྱེད་ནི། སྐེམ་བྱེད་འདུ་བའི་གནས་སུ་མ་ཡིན། སྨྱོ་བྱེད་ནི། སྨྱོ་བྱེད་འདུ་བའི་གནས་སུ་མ་ཡིན། གྲིབ་གནོན་ནི། གྲིབ་ གནོན་འདུ་བའི་གནས་སུ་མ་ཡིན། བརྗེད་བྱེད་ནི། བརྗེད་བྱེད་འདུ་བའི་གནས་སུ་མ་ཡིན་ཏེ། གནོན་པོ་ནི། གནོན་པོ་འདུ་བའི་གནས་སུ་མི་བྱེད་དོ། །གང་ལ་ལ་ཞིག་ རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་འགལ་བར་བྱེད་ན་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ་།གསང་སྔགས་ཀྱི་ཚིག་འདི་དག་ཀྱང་ཡིད་ ལ་བྱའོ༑ ༑ཏདྱ་ཐཱ། ཨི་ལི་མི་ལི། ཀི་ལི་མི་ལི། ཀིན་དུག་དཧེ་མུཀྟེ། སུ་མུཀྟེ། །ཨཱ་ཌེ་ནཱ་ཌེ་སུ་ཎཱ་ཌེ། ལྕང་ལོ་ཅན་དུ་མཆོག་ཏུ་ལྷས་ཆར་ཕོབས་ཤིག་ཨཱ་རཱ་པཱ་རཱ། གོ་དོ་ཧི་ [13B] ཨི་ལི་མི་ལི། བཧི་ཛྫི་ལི་ཀཱ། ཨུ་དུ་ཀཱ། ཨུ་དུ་ཀཱ་ཀཱ་དུ་ཊུ་ཀཱ། ཨི་ལི་མི་ལི། ཏི་ལི་མི་ལི། ས་མནྟ་ཏ། ཀྲི་ཏཱ་ཧུ་ལུ་ཧུ་ལུ། ཧི་ལི་ཧི་ལི། མི་ལི་མི་ལི། པི་ལི་པི་ལི། ཀི་ལི་ཀི་ལི་ ཤཱིར་ཥེ་ཎ། བརྵ་ཏུ། ཙུ་ལུ་ཙུ་ལུ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཙི་ཊི་ཙི་ཊི། ཤི་ཁི་ཤི་ཁི། ཤི་ཁི་ཤི་ཁི། ཨི་ཊ་ཊི་བི་ཊི་ཊ་ཁི་ཁི་ཁི་ཁི། ཛུ་ཧུ་ཛུ་ཧུ་ཛུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ་ཛུ་ ཧུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ། ཧ་ར་ཧ་ར། ཧ་ར་ཎེ། ཛམྦྷེ། པྲ་ཛམྦྷེ། སརྦྦ་དུཥྚ་པྲ་དུཥྚཱ་ནཱཾ། ཛམྦྷེ་མི། སྟམྦྷེ་མི་བདག་ལ་སྲུང་བ་གྱིས་ཤིག་སྤ་བ་དང། ཡོངས་སུ་གཟུང་བ་དང་ཡོངས་སུ་བསྐྱང་ བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་དང། ས་བཅིང་བ་ གྱིས་ཤིག་སཱཧཱ། ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཙི་ཏྲེ་ཙི་ཏྲེ་མའུ་ལེ། ཙི་ཏྲེ་ཙི་ཏྲེ་མཱ་ལེ། ཧ་ལེ་ཧ་ལེ་མཱ་ལེ། ཕ་ལེ་ཕ་ལ་མཱ་ལེ། ཁུ་རུ་ཁུ་ རུ༑ བ་རུ་ཎེ། བའི་རེ་དྷ་ཡེ། སུ་རུ་སུ་རུ། མུ་རུ་མུ་རུ། སངས་རྒྱས་ཐམས་ཅད་ཀྱི་གཟི་བརྗིད་ཀྱིས་སྡང་བ་དང། རབ་ཏུ་སྡང་བ་རྣམས་ཀྱི་དུག་དང། མཆེ་བའི་དུག་དང། རྩ་བའི་ དུག་དང། ཁ་ཟས་ཀྱི་དུག་བཅོམ་མོ། །སུ་རུ་སུ་རུ་ཀེ་ཙ་ར་ཙ་ར་ཀེ་བ་ར་བ་ར་ཀེ་ཙ་རཀྐེ། པི་རི་ཧི་རི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་ [14A]༄༅། །དང་བཅས་པ་བདུན་པོ་དག་གི་གཟི་བརྗིད་ཀྱིས་དུག་བཅོམ་མོ་།དུག་ངེས་པར་བཅོམ་མོ། །དུག་མེད་དོ། །ཨེ་ལཱ་མེ་ལཱ། ཨི་ལི་མི་ལཱ་ཏི་ལི་ཏི་ལི། ཏི་ལི་མཱ་ ཏི་ཧ་དུ་ཧ། ཏི་ལི་མཱ། ཏི་མཱ། དུ་མཱ། དཧི་མཱ། དཧུ་མཱ། དཧུ་སུ་ཀུཾ་བྷཱ་ཀུམྦྷ་སུ་ཀུམྦྷ་སུཾ་བཱ། ཏུའཾ་བཱ། ས་མ་ཏུཾ་བཱ། ཨཱ་ཌེ་ནཱ་ཌེ། ཏི་ལ། ཀུཉྩ་ཎཱ་ཌེ། བརྵ་ཏུ་དེ་བ། ཨི་ལི་ཀི་སི་ང་སེམས་ ཅན་ཐམས་ཅད་ལ་བྱམས་པས་ལྷས་ཟླ་བ་དྒུའམ། ཟླ་བ་བཅུར་ཀུན་ཏུ་ཆར་ཕོབས་ཤིག། བུ་ཥ་ཌེ་ཤ་བ་རི་ཎི། བུ་དྷཱ་རི་ཎི། ཀེ་བཊྚེ་ཀེ་བཊྚེ། ཀེ་བཊྚ། ཀ་མའུ་ལེ། ཨི་ཏི་ཤ་ བ་རེ༑ ཏུམྦེ་ཏུམྦྷཱ་པྲི་ཡཾ་ཀ་རེ། ཨཱ་བཊྚེ། པ་རི་བཊྚེ། ལྷས་ཀུན་ནས་ཆུ་གསར་བའི་ཆར་ཕོབས་ཤིག། ན་མོ་བྷ་ག་བ་ཏེ། ཨིནྡྲ་གོ་མི། སི་ཀཱ་ཡ། ཨིཊྚཊྚཱི་ཡ། གོ་དོ་ཧི་ཀཱ་ཡཱ། བྷྲིཨ་ གཱ་རི་ཀཱ་ཡ། ཨ་ལེ་ཏ་ལེ། ཀུནྟ་ལེ། ཨཊྚེ་ནཊྚེ། ཀུ་ནཊྚེ། ཨཱ་ས་ནེ། པཱ་ཤ་ནེ། པཱ་པ་ནི་ཀཱུ་ལེ། པྲ་ཏི་ཀཱུ་ལེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ་སཱཧཱ་ རྒྱལ་བ་རྣམ་གཟིགས་མྱ་ངན་འཚང་ལ་གནས། །རྒྱལ་བ་གཙུག་ཏོར་པདྨ་དཀར་པོའི་དྲུང། །ཐམས་ཅད་སྐྱོབ་པ་སཱ་ལའི་དྲུང་ན་གནས། །བྲམ་ཟ་འཁོར་བ་འཇིག་ནི་ ཤིརྵའི་དྲུང། །སངས་རྒྱས་གསེར་ཐུབ་ཨུ་དུམ་ཝ་རའི་དྲུང་།འོད་སྲུང་ནྱ་གྲོ་དཧའི་དྲུང་ན་གནས། །ཤཱཀྱའ་ཐུབ་མཆོག་ཁྱད་པར་གནས་དྲུང་དུ། །ཕྱིན་ནས་བྱང་ཆུབ་ [14B] །སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། །མངོན་པར་དད་པའི་ལྷ་གང་འཁོད་པ་དག་ལྷ་རྣམས་དེ་དག་ཡིད་དགའ་མགུ་གྱུར་ནས། །རྟག་ཏུ་དགེ་དང་ ཞི་བར་འགྱུར་བ་བྱས། །ཏདྱ་ཐཱ། ཨི་ལི་མི་ལི། ཀི་ལི་མི་ལི། ཀི་ལི་ཙི་ལི། ཀི་ལི་བོ་ལི། ཨུ་དུ་རཱ། སུ་དུ་རུ། སུ་དུ་མོ་དེ། བུ་ས་ར་བུ་ས་ར། ཧུ་ཧུ་ཀ་རྙྫེ། ཀ་རྙྫ། མའུ་ལེ། ཨི་ ཏི༑ སན་ཏཱ། ཀུནྡ་ལི། ཀུན་ཏཱ་ལི། ནཱ་རཱ་ཡ་ཎི། པཱ་རཱ་ཡ་ནི་པ་ཤྱེ་ནི། པ་ཤྱ་པ་ཤྱ་ནི། ཀི་པ་ལི་བཱ་སྟུ་ནི། འགྲོ་ལྡིང་བའི་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་སཱཧཱ་ ཀུན་དགའ་བོ། སྨན་ཆེན་པོ་འདི་དག་ནི། མི་མཇེད་ཀྱི་བདག་པོ་ཚངས་པ་དང། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང། རྒྱལ་པོ་ཆེན་པོ་བཞི་དང། གནོད་སྦྱིན་གྱི་སྡེ་དཔོན་ ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་བཤད་པ་སྟེ། ཀུན་དགའ་བོ། གང་སྨན་ཆེན་པོ་འདི་དག་གི་མིང་འཛིན་པ་ལ་འགའ་ཞིག་རབ་ཏུ་ལྡང་བའི་སེམས་ཀྱིས་འོང་ན། དེའི་མགོ་ཨརྫ་ ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །ཏདྱ་ཐཱ། ཀཱིརྟི་མའུ་ལེ། ཨེ་རཎྜེ་མའུ་ལེ། ས་མནྟ་མའུ་ལེ་ན་ཌ་ནཱ་ཌེ། ཨ་ཌེ། ནཱ་ཌེ། ཀུ་ཤ་ནཱ་ཌེ། ཨིཏྟེ། མིཏྟེ། པཱ་རུ། ཨ་ར་ཌ་ ཀ༑ མ་ར་ཌ་ཀཱ། ཨི་ལི་ཀུ་ཤི། གོ་དོ་ཧི་ཀ། ཨུད་དཧུཾ་དཧུ་མ་བཧིན་ན། མེ་ཌཱ། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག་རྐང་བཞི་ [15A]༄༅། །ཁྱེད་ཅག་བདེ་ལེགས་ཤོག་ལམ་དུ་ཞུགས་རྣམས་བདེ་ལེགས་ཤོག་ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག་མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་ མའི་གུང་ལའང་བདེ་ལེགས་ཤིང། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག་།དེ་དག་སྡིག་པར་མ་གྱུར་ཅིག་ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་ པོ་ཡིན༑ ༑སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་མེད། །བདེན་པའི་ཚིག་འདིས་ཀུན་ཏུ་བདེ་ལེགས་སུ་གྱུར་ཅིག་དེ་བཞིན་གཤེགས་ པས་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག། སྦ་བ་དང། ཡོངས་སུ་བསྐྱབ་པ་དང་ཡོངས་སུ་གཟུང་བ་དང། ཡོངས་ སུ་བསྐྱང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་ དང། ས་བཅིང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཀུན་དགའ་བོ། །གནོད་སྦྱིན་གང་དག་རྒྱ་མཚོ་ལ་གནས་པའི་གནོད་ སྦྱིན་དེ་དག་དང། གང་དག་རིའི་རྒྱལ་པོ་རི་རབ་དང། གང་དག་རིའི་རྒྱལ་པོ་གཞན་རྣམས་དང། འབྲོག་རྣམས་དང། འབྲོག་ཆེན་པོ་རྣམས་དང། ཀླུང་རྣམས་དང་ [15B] སྨན་ལྗོངས་རྣམས་དང། འབབ་ཆུ་རྣམས་དང། ལྟེང་ག་རྣམས་དང། ལུ་མ་རྣམས་དང། རིའི་ཕུག་རྣམས་དང། དུར་ཁྲོད་རྣམས་དང། དུར་ཁྲོད་ཆེན་པོ་ རྣམས་དང། བཞི་མདོ་རྣམས་དང། གྲོང་རྣམས་དང། གྲོང་ཁྱེར་རྣམས་དང། ལྷ་རྣམས་དང། སྐྱེད་མོས་ཚལ་རྣམས་དང། ནགས་རྣམས་དང། ནགས་ཚལ་རྣམས་དང། ལམ་ རྣམས་དང། ལམ་གོལ་བ་དག་ན་གནས་པ་དང། ཀུན་དགའ་བོ། གནོད་སྦྱིན་གང་དག་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་གནས་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་ བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཧ་རི་ཧཱ་རི་ཎི། ཙ་ལི་ཙ་ལི་ཎི། བཧྲ་མ་ནི། བཧྲ་མ་ནི། མོ་ཧ་ཎི་ སྟྨྦྷ་ནི། ཛྨྦྷ་ནི། སྭ་ཡམ་བཧུ་བེ་སའྷཱ། ཀུན་དགའ་བོ། ཤར་ཕྱོགས་ན་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་དྲི་ཟ་ཐམས་ཅད་ཀྱི་བདག་པོ་འཁོར་དྲི་ཟ་འབུམ་ཕྲག་དུ་མ་ ཡོད་པ༑ དྲི་ཟ་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། གང་ཤར་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དེ་ཡང་བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་ པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་པས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་ [16A]༄༅། །སྲུང་བ་གྱིས་ཤིག་སྦ་བ་དང། ཡོངས་སུ་བསྐྱབ་པ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བ་དང། ཆད་པ་ སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་དང། ས་བཅིང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་ མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཛྷུ་ཛྷུ་རུ། ཛྷུ་ཛྷུ་རུ། ཛྷུ་ཛྷུ་རུ། ཛྷུ་རུ། ཛྷུ་རུ། ཛྷུ་རུ་མེ་སཱཧཱ། ཀུན་དགའ་བོ། ལྷོ་ཕྱོགས་ན་གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་ གྲུལ་བུམ་གྱི་བདག་པོ་འཁོར་གྲུལ་བུམ་བརྒྱ་སྟོང་དུ་མ་ཡོད་པ་གྲུལ་བུམ་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། གང་ལྷོ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་ བྱེད་པ་དེ་ཡང་བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས་བློན་པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས་ འཁོར་དང་བཅས་པས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་སྦ་བ་དང། ཡོངས་སུ་བསྐྱབ་པ་དང་ཡོངས་སུ་གཟུང་བ་དང། ཡོངས་ སུ་བསྐྱང་བ་དང། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་ [16B] ས་བཅིང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། བེ་ལུ་ཀེ་བེ་ལུ་ཀེ་ཨ་མྲྀ་ཏ་གྷཱ་ཏ་ནི། བ་རུ་ཎ་བ་ཏི། སོ་མ་བ་ ཏི༑ བེ་ཎུ་མཱ་ལི་ནི་བེ་ལུ་ནི། པྲི་ཏྲེ་ཀེ་ཙོ་ཙུ་ཙི་ཙུ་སཱཧཱ། ཀུན་དགའ་བོ། ནུབ་ཕྱོགས་ན་ཀླུའི་རྒྱལ་པོ་མིག་མི་བཟང་ཞེས་བྱ་བ་ཀླུ་ཐམས་ཅད་ཀྱི་བདག་པོ་འཁོར་ཀླུ་བརྒྱ་སྟོང་དུ་མ་ ཡོད་པ༑ ཀླུ་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། གང་ནུབ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དེ་ཡང་བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་ དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་པས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་ བ་གྱིས་ཤིག་སྦ་བ་དང། ཡོངས་སུ་བསྐྱབ་པ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་དང། ས་བཅིང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཅིག་ ཏདྱ་ཐཱ༑ བེ་དུ་རི་བེ་དུ་རི། བེ་དའུ་རཱི། བེ་དའུ་རཱི། མཊྚི་ཏ་མཊྚི་ཏེ། མཊྚི་ཏེ། ཀོ་ཊི། ཀོ་ཊི། བི་དཡུ་མ་ཏི་བི་དཡུ་མ་ཏི། ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ། རུ་རུ་རུ་རུ་རུ་རུ་རུ་རུ། ཙུ་ཙུ་ཙུ་ཙུ་ཙུ་ཙུ་ཙུ་ཙུ་ [17A]༄༅། །ཙ་ཙ་ཙ་ཙ་ཙ་ཙ་ཙ་ཙ་ཛུ་སཱཧཱ། ཀུན་དགའ་བོ། བྱང་ཕྱོགས་ན་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་གནོད་སྦྱིན་ཐམས་ཅད་ཀྱི་བདག་པོ་འཁོར་ གནོད་སྦྱིན་བརྒྱ་སྟོང་དུ་མ་ཡོད་པ། གནོད་སྦྱིན་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། གང་བྱང་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དེ་ཡང་བུ་དང་བཅས། ཚ་ བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས་འཁོར་དང་བཅས་པས་རིག་སྔགས་ ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་སྦ་བ་དང། ཡོངས་སུ་བསྐྱབ་བ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་དང། བདེ་ ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་དང་ས་བཅིང་བ་གྱིས་ཤིག་ ལོ་བརྒྱ་འཚོ་བར་གྱུར་ཅིག། སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། སོ་རི་སོ་རི། ཤི་རི་ཤི་རི། མ་ཏི་མ་ཏི། ཏི་རི་ཏི་རི། མ་ཏི། ཀི་རི་ཀི་རི། ཧི་རི་ཧི་རི། པེ་ལུ་པེ་ལུ། པིཾ་ ག་ལེ༑ ཙུ་ལུ་ཙུ་ལུ། ཧ་ཏཾ་བི་ཥཾ། བན་དཧུ་མ་ཏི། ནི་ཧ་ཏཾ་བི་ཥཾ། བནྡྷུ་མ་ཏི་སཱཧཱ། ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་།ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ [17B] །བྱང་ཕྱོགས་ན་ནི་ལུས་ངན་པོ། །རྒྱལ་པོ་ཆེན་པོ་འདི་བཞི་དག་འཇིག་རྟེན་སྐྱོང་བ་གྲགས་དང་ལྡན་།ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །སྡེ་བོ་ཆེ་ ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣམས་རབ་ཏུ་འཇོམས། །གཞན་གྱིས་མི་ཐུབ་ཐུལ་བར་དཀའ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ ཆེ་ཞིང་ལྷ་མིན་དང། །ལྷ་ཡི་གཡུལ་ཡང་མྱོང་བར་བྱེད། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བགྱིས་ཤིག་སྦ་བ་དང། ཡོངས་སུ་བསྐྱབ་ པ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་ པ་དང། མཚམས་གཅད་པ་དང། ས་བཅིང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཨེ་མ་ལེ། ཀེ་ལེ་ཏི་ལེ། མི་ལེ། ཤི་ལེ། པཱ་ ལེ༑ དུཾ་བེ། དུ་དུཾ་བེ། ལྷས་ཀུན་ཏུ་ཆར་ཕོབས་[?]ཤིག་ཧི་ལི་མི་ལི་དུཾ་བེ། དུ་དུཾ་བེ། ཨཊྚེ། བཊྚེ། པ་ར་མ་དུ་བཊྚེ། ལྷས་འུར་འུར་ཀུན་ཏུ་ཆར་ཕོབས་ཤིག་ཀུ་ཊུ་གུ་ཊུ་ན་ཏ། ཨ་ཌ་ ཀ་བད་དཱ་ཡཱཾ། ཨཎཱནཎྜེ། ཏུནྜེ། ཏུ་ཏུཎྜེ། ཙུཀྐེ། བུཀྐེ་མཀྐེ། ཨི་རི་ཌི། མི་རི་ཌི། ནི་རི་ཌི། པི་རི་ཌི། ཧི་རི་ཌི། ཧི་རི་ཧི་ལེ། ཧི་ལེ། ཧུ་ལུ་ཧུ་ལུ། མི་ལི་མི་ལི། ཏུ་ལེ། ཏ་ཏ་ལེ་ [18A]༄༅། །སཱཧཱ། ཀུན་དགའ་བོ། ཁྱོད་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་མིང་ཟུངས་ཤིག་འདི་ལྟ་སྟེ། ལུས་ལན་གྱི་ནི་བུ་ཐུ་བོ། །ཀུན་ཏུ་རྒྱལ་པ་ མི་ལ་ཞོན། །ཕྲུགས་སུ་ལྡན་ན་གནས་པ་སྟེ། །ལྷ་ཡི་བདེན་པ་གསལ་བ་པོ། །དེས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་ བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་གྱུར་ཅིག་ཏདྱ་ཐཱ། ར་ལེ་བཀྐ་ལེ། མཱ་ཏཾ་གི་ཙཎྜཱ་ལི། པུ་ར་ཥ་ནི། བི་ཙི་ལི་ནི། གཽ་རི། གཱནྡྷ་རི། མཱ་ཏཾ་གི་ཙཎྜཱ་ལི། མཱ་ ལི་ནི༑ ཧི་ལི་ཧི་ལི། ཨ་ག་ཏི། གཽ་རི། གཱནྡྷ་རི། ཀོཥྛ་ཀི་བ་ཙ་རི། བི་ཧཱ་རི། ཧི་ལི་ཧི་ལི། ཀུ་བྱེ་སཱཧཱ། སྐྱ་སྣར་བུ་ན་འཁོར་བ་འཇིག་གཞན་གྱིས་མི་ཐུབ་ཀ་བ་ན། །གྲོང་ ཁྱེར་བཟང་ན་གནོད་སྦྱིན་བྲག་ཤེད་ཀྱི་བུ་ནི་བྱང་ཕྱོགས་ན་།ལག་ན་རྡོ་རྗེ་རྒྱལ་པོའི་ཁབ། །བྱ་རྒོད་ཕུང་པོར་གནས་བཅས་པ། །རྒྱ་མཚོའི་མཐའ་ཡི་བར་གྱི་སར། ། ལན་གསུམ་བར་དུ་འགྲོ་བྱེད་པ། །སྟོབས་ཆེ་ཞིང་ནི་གཟི་བརྗིད་ཆེ་།དཔག་ཚད་བཅུར་ནི་རྣམ་པར་གནོན། །གནོད་སྦྱིན་མཁའ་ལྡིང་རྒྱལ་བ་ན། །སྣ་ཚོགས་སྦེད་ པ་གནས་སྒོ་ན། །གནོད་སྦྱིན་བ་ཀུ་རྒྱལ་ཁབ་ན། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །གནོད་སྦྱིན་ནག་པོ་ཉེ་ནག་པོ། །སེར་སྐྱ་ཡི་ནི་གནས་ན་གནས། །ཐུབ་པ་ཆེན་པོ་ཤཱཀྱའི་ [18B]སངས་རྒྱས་ཐུབ་པ་གར་བལྟམས་པ། །རྐང་བཀྲ་པོ་ནི་དགྲ་ཅན་ན། །ཙི་ར་ཏ་ན་དབང་ཕྱུག་ཆེ། །གཉན་ཡོད་ན་ནི་ཕུར་བུ་འོ། །གནས་བཅས་ན་ནི་རྒྱ་མཚོ་གནས། །ཡངས་ པ་ཅན་ན་རྡོ་རྗེ་མཚོན། །སྤྲེའུ་ལྟར་དམར་སེར་གྱད་ཡུལ་ན། །ཝཱ་རཱ་ཎཱ་སིར་ནག་པོ་ཆེ། །བལྟ་ན་སྡུག་ན་ཙམ་པ་ན། །གནོད་སྦྱིན་ཁྱབ་འཇུག་སྒོ་ཅན་ན། །འཛིན་པ་པོ་ནི་སྒོ་དྲུང་ ན༑ ༑འཇིགས་བྱེད་ཟངས་ཀྱི་འདབ་མ་ཅན། །བྲང་གིས་འགྲོ་ན་འཛེམས་པའོ། །འབྲོག་ན་གནོད་སྦྱིན་འབྲོག་གནས་པོ། །སེར་སྐྱ་པོ་ནི་འབྲུ་མང་ན། །འཕགས་རྒྱལ་ན་ནི་ནོར་ སྲུང་བ༑ ༑སྲུང་བྱེད་ན་ནི་ནོར་འབྱོར་པ། །གསོ་བའི་མཐའ་ན་གསོ་པ་པོ། །དགའ་བོ་ཉེ་དགའ་གྲོང་ཁྱེར་གནས། །ཕྲེང་བ་འཛིན་པ་ཆུ་མཆོག་ན། །ཀུན་དགའ་འཆི་མེད་ས་ཞག་ ན༑ ༑མཆེ་བ་དཀར་པོ་དངོས་བཟང་ན། །མི་བརྟན་པ་ནི་གཟི་ཅན་ན་།རིན་ཆེན་རི་ལྡན་གྲོང་ཁྱེར་ན། །ནོར་གྱི་བུ་ནི་ཕྱོགས་མཚམས་གནས། །སྨིན་དྲུག་བུ་ནི་གཞོན་ནུ་ཞེས། ། འཇིག་རྟེན་གྲགས་པ་སྐྱེས་ཡོད་པ། །འོད་མའི་འགྲམ་ན་ལག་བརྒྱ་པ་།ཀ་ལིང་ཀ་ན་ཤིང་རྟ་ཆེ། །ཐུལ་བར་དཀའ་ནི་འགྲོ་འཇོམས་ན་།སྲིད་སྒྲུབ་ནགས་ན་སྲིད་སྒྲུབ་པ། ། གནོད་སྦྱིན་འཇོམས་པ་མདུན་ཁང་ན། །ཕྲེང་བ་སྲུང་ན་རི་བརྩེགས་པ། །རྟ་དམར་ན་ནི་བཟང་པོ་པ། །མ་རྫོགས་པ་ན་ཐམས་ཅད་བཟང། །སྙེམས་པ་ཅན་ན་སྐྱོང་བ་པོ། ། [19A]༄༅། །དེད་དཔོན་ནོར་གྱི་དབང་ཕྱུག་གོ་མ་རྒྱལ་རྒྱལ་ན་མཆེ་བ་གཙིགས། །གནས་ཅན་ན་ནི་ནོར་བཟང་པོ། །ཞི་བ་ཞི་བའི་གྲོང་ལེན་ན། །ཞི་བ་བཟང་པོ་འཇིགས་ བྱེད་ན༑ ༑གནོད་སྦྱིན་དབང་པོ་དབང་གྲོང་ན། །མེ་ཏོག་ཏོག་ནི་རྡོ་གྲོང་ན། །ཤིང་པ་ཤིང་གི་གྲོང་ཁྱེར་ན། །ཁ་དོག་ཅན་ན་སེར་སྐྱ་གནས། །ནོར་བུ་བཟང་དང་གང་བ་བཟང། ། སྤུན་གཉིས་ཚངས་པ་ལྡན་པ་ན། །བ་ལང་འཛིན་ན་འཇོམས་པ་པོ་།རབ་ཏུ་འཇོམས་པ་རྡོ་འཇོག་ན། །གནོད་སྦྱིན་ཆེན་པོ་བོང་སྲུང་སེལ་།སྐྱུག་པ་ཡི་ནི་རི་ལ་གནས། །གསུམ་ སྦས་འགྲམ་པ་ལྡན་ངོགས་ན། །ཧུ་ནུ་ན་ནི་འོད་བྱེད་པ། །དགའ་བ་ཅན་དང་འཕེལ་བྱེད་པ། །དགའ་བ་འཕེལ་བྱེད་གྲོང་ཁྱེར་ན་།རླུང་གི་ས་ན་རླུང་ལྡན་པ། །འཕྱང་བར་གྱུར་ན་ འཐབ་དགའ་བ། །བཅོམ་བརླག་ན་ནི་བོང་བུ་པ། །ལང་ཀ་ན་ནི་བུམ་པའི་ལྟོ། །གནོད་སྦྱིན་ཉི་འོད་རབ་ཉམས་ན། །ཀོ་ས་ལ་ནི་རི་མགོ་བོ། །རྣམ་པར་རྒྱལ་དང་རྣམ་རྒྱལ་ ལྡན༑ ༑དཀར་པོ་བཅོམ་བརླག་ཡུལ་ན་གནས། །གནོད་སྦྱིན་གང་བ་མ་ལ་ཡར། །ཏི་སེ་གངས་ན་མིའམ་ཅི། །སྤྲིན་གྱི་ཕྲེང་ཅན་པོན་ཏྲ་ན་།རབ་ཏུ་གནས་ན་དུམ་བུ་པ། ། པི་ཏང་ག་ལྱར་ཡང་དག་བྱེད། །རླངས་དང་ལྡན་ན་བདེ་བྱེད་པ་།སྣ་ནས་བྱུང་ན་གནོད་སྦྱིན་མཛེས། །གསོ་བའི་མཐའ་ན་མ་ཆགས་པ། །དགའ་བྱེད་དང་ནི་ཕ་དགའ་ [19B] །དཔའ་དང་གསེར་གྱི་ལག་པ་དང། །ཀ་ལིང་ཀ་ན་ལྟོ་འཕྱང་པོ། །ཀོ་ས་ལ་ན་ནག་པོ་ཆེ། །དགེ་བ་དགེ་བའི་ཕོ་བྲང་ན། །ཝཱ་ར་ཎཱ་སིར་སྐྱོང་བ་པོ། །འགྲམ་ལྡན་ཕུང་པོ་རྣ་ བ་བཟང། །གྲོང་ཁྱེར་དྲུག་ན་ནོར་གཞན་པོ། །གནོད་སྦྱིན་སྟོབས་ཅན་མཐའ་མ་ལ། །སྲུང་བ་ཅན་ན་མཐོང་དཀའ་བ། །བ་ལང་འཇོམས་ན་གཙུག་ཕུད་ཅན། །ཕྱོགས་ མཚམས་ན་ནི་ཐལ་མོ་དགའ། །གདུགས་འདྲ་ན་ནི་དཀྲིས་པ་པོ། །གྲོང་ཁྱེར་དྲུག་ན་ཆུ་སྲིན་འདུལ། །ཚང་ཚིང་གཅིག་ན་མིག་ཡངས་པ་།ཨུ་དུམ་བ་རར་སྒོ་ངའི་འོད། ། ཀཽའུ་ཤམྦྷི་ན་ལྷུན་གྱིས་གྲུབ། །རྣམ་པར་སྣང་བྱེད་ཞི་ལྡན་ན། །སྦྲུལ་གྱི་གདུགས་ན་དགའ་བ་པོ། །གཡོ་བ་འཛིན་ན་སེར་སྐྱ་འོ། །གྱེན་དུ་འགྲོ་ན་བ་ཀུ་ལ། །གང་པོ་སྙིང་པོ་ ཐོབ་བྱེད་ན། །གྲོང་རྡལ་ཚོལ་བ་ལྔ་མང་ན། །གླང་ཆེན་བརྗོད་པ་འདུ་བ་མཆོག་ཆུ་ལྷའི་ཡུལ་ན་གཞུ་བརྟན་པོ། །གཡུལ་འགྱེད་ལྡན་པར་གྲོང་ཁྱེར་རྒྱལ། །སྒྲ་ངན་ཞིང་ནི་ གནོད་སྦྱིན་དང། །གཉི་དང་རྒྱལ་ངན་རྒྱལ་གཉི་ན། །གནོད་སྦྱིན་མོར་གྲགས་དེ་ཉིད་ན། །གཏུམ་ཆེན་གསེར་གྱི་འོད་བག་ཅན། །གནོད་པར་བྱེད་དང་དོན་གྲུབ་དང། །འབྱུང་ བར་བྱེད་པ་ནགས་ན་གནས། །འགྲོ་བ་དྲུག་པ་འགྲོ་འཇོམས་ན། །ཀ་བ་ན་ནི་ཀ་བ་ཉིད། །སེངྒེའི་སྟོབས་ན་གནོད་སྦྱིན་གང། །སེངྒེ་སྟག་སྟོབས་མེད་བྱེད་གཉིས། །བྱེ་བ་ [20A]༄༅། །འདབ་ན་སྡེ་བོ་ཆེ། །དེ་བཞིན་གཞན་གྱི་གྲོང་ལས་རྒྱལ་།མེ་ཏོག་སོ་ནི་ཙམ་པ་ན། །མཉམ་དགའ་བ་ནི་རི་མང་ན། །བ་ལང་སྦྱོར་ན་གནོད་སྦྱིན་རི། ། གྲོང་ཁྱེར་ན་ནི་སྡེ་བཟང་པོ། །གནས་དང་བཅས་ན་ལག་པ་བ་།ཁ་ལ་བྱིན་ན་བདེ་བྱེད་པ། །ཀཽའུ་ཤམྦྷི་ན་ཚེགས་མེད་པ་།བཟང་པོ་ཅན་ན་བཟང་པོ་པ། །སྐྱ་སྣར་ཅན་ གྱི་བུ་ན་ནི། །གནོད་སྦྱིན་འབྱུང་པོའི་གདོང་ཞེས་བྱ། །འཆིང་བུ་ན་ནི་མྱ་ངན་མེད། །མ་ལ་གནས་ན་ཤ་ཐང་བ། །ཚང་ཚིང་གཅིག་ན་དོན་གྲུབ་པ། །མ་རྒྱལ་རྒྱལ་ན་ དམན་པ་པོ། །ཆུ་མཆོག་ན་ནི་མུན་ཛའི་སྐྲ། །སེན་ད་པ་ན་ནོར་བུའི་གནས། །གནོད་སྦྱིན་མི་བཟད་འགྲོ་ལྡན་དག་སེར་སྐྱ་ཡི་ནི་གནས་ན་གནས། །བ་ལང་འཛིན་ དང་གཞན་བརྙས་དང། །སྒོ་བ་གནས་ཅན་རྟག་པ་དང། །དབུ་མ་པ་ཡི་གནོད་སྦྱིན་དག་གྲགས་པ་ཆེན་པོ་བཟང་མཛེས་ན། །གྲོང་ཁྱེར་སྙིང་པོར་དགྲས་དོགས་པ། ། མྱ་ངན་ས་ན་རྨོངས་བྱེད་པ། །ཁྱུས་འགྲོ་ན་ནི་གནོད་སྦྱིན་གྲགས། །མ་རུངས་པ་ཡང་དེ་བཞིན་ཏེ། །ང་རྒྱལ་བྲལ་དང་ལྷ་རྩེ་བ། །འཇིགས་བྱིན་ན་ནི་ཡིད་འཇིགས་ པ༑ ༑ཁ་ཆེའི་ཡུལ་ན་འོད་བྱེད་པ། །གཏུམ་པོ་རལ་པ་ཅན་གྲོང་ན་།ཁ་ཆེའི་ཡུལ་གྱི་ས་མཚམས་ན། །ལྔས་རྩེན་ཞེས་ནི་བྱ་བ་གནས། །དེ་ལ་བུ་ནི་ལྔ་བརྒྱ་སྟེ། ། [20B] །ལྔས་རྩེན་གྱི་ནི་བུ་ཐུ་བོ་།རྒྱ་ཡུལ་གྱི་ནི་ས་ལ་གནས། །ཕྲག་པའི་མིག་ཅེས་བྱ་བ་ནི་།མཛོད་ལྡན་ན་ནི་སྤུན་དང་བཅས། །ཀ་ལིང་ཀ་ན་མཆེ་བ་རྐང། ། དཀྱིལ་འཁོར་སྟན་ན་དཀྱིལ་འཁོར་རོ། །ཀ་པུ་ཤ་ན་ལང་ཀའི་བདག་།འོད་ཅན་དགའ་བའི་ཚང་ཚིང་ན། །ནམ་མཁའ་སྲུང་ན་ཆོས་སྐྱོང་བ། །ལག་པ་ཆེན་པོ་ངན་པ་ན། །རྣམ་ ཐོས་བུ་ཡི་བུ་དཔའ་ལྡན། །རྒྱལ་བ་ཁྱུ་མཆོག་རྒྱལ་པོའི་བུ་།གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཅིང། །ཐོ་གར་གྱི་ནི་ཡུལ་ན་གནས། །འགྲོར་བཅས་རི་དང་གངས་ཅན་དང། ། སིནྡྷུ་ཡི་ནི་རྒྱ་མཚོར་གནས། །གྲོང་ཁྱེར་གསུམ་ན་རྩེ་གསུམ་ལག་།ཀ་ལིང་ཀ་ན་རབ་འཇོམས་པ། །ཚིགས་སྔ་སེར་པོ་འགྲོ་ལྡིང་ན་།སིང་ག་ལ་ན་ནོར་གྱི་བདག་ནེ་ཙོའི་ བཞིན་ནི་འབྲོག་ན་སྟེ། །འགྲོ་འམ་ཅི་ནི་འོག་ན་གནས། །པདྨ་དཀར་པོ་འོད་གསལ་བ། །གྲོང་ཁྱེར་ཆེ་ན་བརྩེ་བ་ཅན། །འཇིགས་པ་སྦྱིན་ན་རབ་འཇིགས་པ། །ཆུ་དང་ ལྡན་ན་དམར་སེར་གནས། །བ་བ་ད་བསྐྱེད་བ་པ་ཌ། །འདོད་པ་སྦྱིན་ན་མ་དང་ལྡན། །བུ་མོ་འཇུག་ན་རབ་སད་པ། །ཀ་བུ་ཤ་ན་ནལ་ཀུ་བ། །ཕ་རོལ་མཐའ་མེད་དངུལ་ཆུ་ ན༑ ༑ནུས་པའི་གནས་ན་ཞི་བྱེད་པ། །པ་ལྷ་པ་ན་ཐག་བཟང་རིས་།ཀེ་ཏ་ཀ་ན་དམར་སེར་པོ། །འཕྲལ་རིས་འཕེལ་ན་བཞིན་རྒྱས་པ་།ཨུ་རྒྱན་ཡུལ་ན་མ་རུངས་པ། །ཐོང་ཤོལ་ [21A]༄༅། །ངན་ན་བུམ་ལྟོ་པོ། །ཆུ་སྲིན་རྒྱལ་མཚན་མྱ་ངན་ན་།སྣ་ཚོགས་སྡེ་ནི་པོ་ཀ་ན། །དགའ་དང་ལྡན་ན་སྒྲ་སྒྲོག་བུ་།ཕུང་པོའི་བདག་པོར་དམར་སེར་ པོ༑ ༑ཆུང་མ་ཅན་ན་མཐོང་དགའ་བོ། །གནོད་སྦྱིན་ཆུ་སྲིན་རྒྱལ་པོའི་ཁབ། །ཡངས་པ་ན་ནི་གནས་པ་སྟེ། །བརྒྱ་སྟོང་ཕྲག་ནི་མང་བ་ཡི། །གནོད་སྦྱིན་རྣམས་ཀྱིས་ བསྙེན་བཀུར་བྱས། །བ་ལང་སྐྱོང་བ་སྦྲུལ་གདུག་ཅན། །ལྕང་ལོའི་གྲོང་ན་ལྕང་ལོ་པ། །དགའ་བའི་གྲོང་ན་དགའ་བ་ཅན། །གྲོང་གི་ལྷས་ན་སྟོབས་ཆེན་གནས། །ལྷ་ ལས་བབས་ན་རྣམ་ཐོས་བུ། །རང་གི་སྡེ་ནི་ཡོངས་སུ་སྐྱོང། །ལྕང་ལོ་ཅན་ན་གནས་པ་སྟེ། །གནོད་སྦྱིན་བྱེ་བས་ཡོངས་སུ་བསྐོར། །གནོད་སྦྱིན་དེ་དག་ནི། རྫུ་འཕྲུལ་ ཆེ་བ༑ སྡེ་ཆེ་བ། སྟོབས་ཆེ་བ། ཕ་རོལ་གྱི་དགྲ་རབ་ཏུ་འཇོམས་པ། ཐུབ་པར་དཀའ་ཞིང་གཞན་གྱིས་མི་ཐུབ་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་ དང་ལྡན་པ། གྲགས་པ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ། རྫུ་འཕྲུལ་ཆེ་བ་དག་སྟེ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་ བྱ་ཆེན་པོ་འདིས་བདག་ལ་སྲུང་བ་གྱིས་ཤིག་སྦ་བ་དང། ཡོངས་སུ་བསྐྱབ་པ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་དང། བདེ་ལེགས་ [21B] ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་དང་ས་བཅིང་བ་གྱིས་ཤིག་ལོ་བརྒྱ་འཚོ་ པར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཨ་ཀ་ཊེ། བི་ཀ་ཊེ། ཧི་རི་ཎི། ཧཱ་རི་ཎི། དྷ་ར་ཎི། དྷ་ར་ཎི། ཧུཀྐེ་ཧུཀྐེ། བུཀྐེ། བུཀྐེ། བདག་ལ་མི་མཛའ་བ་རྣམས་ ཧ་ན་ཧ་ན། ཧ་ན་ཧ་ན། ཧ་ན་ཧ་ན། ཧ་ན་ཧ་ན། ཧ་ན་ཧ་ན་བདག་ལ་མི་ཕན་པར་འདོད་པ་རྣམས། ད་ཧ་ད་ཧ། ད་ཧ་ད་ཧ། ད་ཧ་ད་ཧ། ད་ཧ་ད་ཧ། ད་ཧ་ད་ཧ། བདག་ལ་ཕྱིར་ རྒོལ་བ་རྣམས། པ་ཙ་པ་ཙ། པ་ཙ་པ་ཙ། པ་ཙ་པ་ཙ། པ་ཙ་པ་ཙ། པ་ཙ་པ་ཙ། དཧུ་དཧུ། དཧུ་དཧུ། དཧུ་དཧུ། དཧུ་དཧུ་དཧུ་དཧུ། བདག་ལ་མི་ཕན་པར་འདོད་པ་རྣམས། ཧ་ཧ་ཧ་ཧ་ཧ། ཧ་ཧ་ ཧ་ཧ་ཧ༑ ཛི་ཊི་ཛི་ཊི། ཛི་ཊི་ཛི་ཊི། ཛི་ཊི་ཛི་ཊི། ཛི་ཊི་ཛི་ཊི། ཛི་ཊི་ཛི་ཊི། བདག་གི་དགྲ་བོ་རྣམས། ནཱ་ཤ་ཡ། ཙུ་ལུ། ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ་ཧི་ལི་ ཧི་ལི༑ ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། ཕུ་རུ་ཕུ་རུ། ཕུ་རུ་ཕུ་རུ། ཕུ་རུ་ཕུ་རུ། ཕུ་རུ་ ཕུ་རུ༑ ཕུ་རུ་ཕུ་རུ། ཙི་ཊི་ཙི་ཊི། ཙི་ཊི་ཙི་ཊི། ཙི་ཊི་ཙི་ཊི། ཙི་ཊི་ཙི་ཊི། ཙི་ཊི་ཙི་ཊི། བདག་གི་དགྲ་བོ་རྣམས། ནཱ་ག་ཡ། ཧིཀྐེ། མིཀྐེ། ཙིཀྐེ། ཙུཀྐེ། ཤྲཱི་བྷ་དྲེ། མཾ་ག་ལྱེ། ས་མནྟ་ [22A]༄༅། །བྷ་དྲེ༑ ཧི་ར་ཎྱ་གརྦྷེ་སརྦ་ཨརྠ་སཱ་དྷ་ནི། ཨ་མ་ལེ། ཀ་མ་ལེ། བི་མ་ལེ། ཙནྡྲེ། ཙནྡྲེ། པྲ་པེ། སཱུརྱ་སཱུརྱ། ཀཱནྟེ་དུརྦི་ཛྙེ། དུ་མེ། དུཾ་བེ་དོ་དུཾ་བེ། པྲི་ཡཾ་ཀ་རེ་ བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཀུན་དགའ་བོ། ཁྱོད་ཀྱི་གང་དག་ཕྱོགས་བཅུ་སྲུང་ཞིང་ཡོངས་སུ་སྐྱོང་བར་ བྱེད་པ༑ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་པོ་དག་གིས་མིང་ཟུངས་ཤིག། ཀུན་དགའ་བོ། ཤར་ཕྱོགས་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ ཤར་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་གནས་ཏེ་འདི་ལྟ་སྟེ། རིང་པོ་དང། མིག་བཟང་དང། གང་པོ་དང། སེར་སྐྱའོ། །དེ་དག་གིས་ཀྱང་རིག་སྔགས་ ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག། ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག། ཀུན་དགའ་བོ། ལྷོ་ཕྱོགས་ན་གནོད་སྦྱིན་ གྱི་སྡེ་དཔོན་ཆེན་པོ་གང་དག་ལྷོ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་གནས་ཏེ། འདི་ལྟ་སྟེ། སེངྒེ་དང། ཉེ་བའི་སེངྒེ་དང། དུང་ཅན་དང། དགའ་པོའོ། །དེ་ དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཀུན་དགའ་ [22B] ནུབ་ཕྱོགས་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ནུབ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་གནས་ཏེ་འདི་ལྟ་སྟེ། སེངྒེ་དང། སེངྒེའི་རལ་པ་དང། བླ་ མ་དང། སེར་སྐྱའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ ཀུན་དགའ་བོ། བྱང་ཕྱོགས་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་བྱང་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་གནས་ཏེ། འདི་ལྟ་སྟེ། འཛིན་པ་དང། འཛིན་ དགའ་བ་དང། བརྩོན་སྐྱོང་དང། ཁྱབ་འཇུག་གོ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག། ལོ་བརྒྱ་འཚོ་བར་གྱུར་ ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཀུན་དགའ་བོ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ཕྱོགས་མཚམས་ན་གནས་ཏེ། གང་དགེ་ཕྱོགས་མཚམས་སྲུང་ ཤིང། ཡོངས་སུ་སྐྱོང་བར་བྱེད་པ་བཞི་པོ་འདི་དག་འདི་ལྟ་སྟེ་ལྔ་སྤྱོད་དང། ཚིགས་ལྔ་སེར་པོ་དང། རི་མཉམ་དང། གསེར་ཅན་ནོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་ མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཀུན་དགའ་བོ། གནོད་སྦྱིན་གྱི་སྡེ་དཔོན་གང་དག་ས་ལ་ [23A]༄༅། །གནས་ཏེ། གང་དག་ས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་པོ་འདི་དག་འདི་ལྟ་སྟེ། ས་པ་དང། ཤིན་ཏུ་ས་པ་དང། ནག་པོ་དང། ཉེ་ནག་གོ་དེ་དག་ གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཀུན་དགའ་བོ། གནོད་ སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་བར་སྣང་ལ་གནས་ཏེ། གང་དག་བར་སྣང་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་པོ་འདི་དག་འདི་ལྟ་སྟེ། ཉི་མ་དང། ཟླ་བ་དང། མེ་ དང། རླུང་ངོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ ཀུན་དགའ་བོ། ཁྱོད་ཀྱིས་རྣམ་ཐོས་ཀྱི་བུའི་ཆོས་ཀྱི་སྤུན་གང་དག་སེམས་ཅན་རྣམས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ། འཇིག་རྟེན་གྱི་ཡམས་ཀྱི་ནད་དང། གནོད་པ་ དང། འཁྲུག་པ་རྣམས་མེད་པར་བྱེད་པ། འཇིག་རྟེན་ལ་ཕན་གདགས་པའི་ཕྱིར་འཇིག་རྟེན་ན་རྒྱུ་བ་རྣམས་ཀྱི་མིང་ཟུངས་ཤིག་འདི་ལྟ་སྟེ། དབང་པོ་དང། ཟླ་བ་དང་ སྐྱེ་རྒུའི་བདག་པོ་དང། ཆུ་ལྷ་དང། བྷ་ར་དཧྭ་ཛ་དང་དབང་ལྡན་དང། ཙནྡན་དང། འདོད་པའི་གཙོ་བོ་དང། མགྲིན་ངན་དང། མགུལ་མེད་དང། བ་ཊི་དང། ནོར་བུ་ [23B] ནོར་བུ་སྤྱོད་དང། སྒྲ་རབ་དང། ཉེ་ལྔ་པོ་དང། རི་མཉམ་དང། གསེར་ཅན་དང། གང་པོ་དེང། སེང་ལྡང་བ་དང་གཡོན་ཅན་དང། གནོད་སྦྱིན་བ་ལང་སྐྱོང་དང། འབྲོག་ གནས་དང་མིའི་རྒྱལ་པོ་དང། རྒྱལ་བའི་ཁྱུ་མཆོག་དང། ཚིགས་ལྔ་སེར་པོ་དང། བཞིན་བཟང་དང། གནོད་སྦྱིན་རིང་པོ་འཁོར་དང་བཅས་པ་དང། དྲི་ཟ་སྣ་ཚོགས་སྡེ་དང་ འབྲས་བུ་གསུམ་པ་དང། མགུལ་གསུམ་པ་དང། ལྕགས་མདུང་རིང་པོ་དང། མ་ལྡན་ཏེ། གནོད་སྦྱིན་དེ་དག་ནི། གནོད་སྦྱིན་ཆེན་པོའོ་།སྡེ་རྣམས་ཀྱིས་ཡོངས་སུ་འདྲེན་པ། རྫུ་ འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ་གྲགས་པ་དང་ལྡན་པ་དག་སྟེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་སྤུན་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ གནོད་སྦྱིན་འདི་ནི། ང་ལ་རྣམ་པར་འཚེའོ། །གནོད་སྦྱིན་འདི་ནི་ང་མི་གཏོང་ངོ། །ཞེས་གང་དག་ལ་གོ་བར་བྱེད་པ་དེ་དག་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་སྤུན་ཏེ་ དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་འཐབ་པ་དང་ རྩོད་པ་དང། མཚང་འདྲུ་བ་དང། འཐབ་མོ་དང། འགྱེད་པ་ལས་ཡོངས་སུ་སྐྱོབས་ཤིག། མིའི་གདོན་དང། མི་མ་ཡིན་པའི་གདོན་དང་ལྷའི་གདོན་དང། ཀླུའི་གདོན་ [24A]༄༅། །དང། ལྷ་མ་ཡིན་གྱི་གདོན་དང། རླུང་ལྷའི་གདོན་དང་ནམ་མཁའ་ལྡིང་གི་གདོན་དང། དྲི་ཟའི་གདོན་དང། མིའམ་ཅིའི་གདོན་དང། ལྟོ་འཕྱེ་ཆེན་པོའི་ གདོན་དང། གནོད་སྦྱིན་གྱི་གདོན་དང། སྲིན་པོའི་གདོན་དང། ཡི་དྭགས་ཀྱི་གདོན་དང། ཤ་ཟའི་གདོན་དང། འབྱུང་པོའི་གདོན་དང་གྲུལ་བུམ་གྱི་གདོན་དང། སྲུལ་[?] པོའི་གདོན་དང། ལུས་སྲུལ་པོའི་གདོན་དང། སྐེམ་བྱེད་ཀྱི་གདོན་དང་སྨྱོ་བྱེད་ཀྱི་གདོན་དང། གྲིབ་གནོན་གྱི་གདོན་དང། བརྗེད་བྱེད་ཀྱི་གདོན་དང། གནོན་པོའི་གདོན་ དང། རྒྱུ་སྐར་གྱི་གདོན་དང། འབྱུང་པོའི་གདོན་ལས་ཡོངས་སུ་སྐྱོབས་ཤིག་ཟས་སུ་མདངས་ཟ་བ་དང། ཟས་སུ་མངལ་ཟ་བ་དང་ཟས་སུ་ཤ་ཟ་བ་དང། ཟས་སུ་ཁྲག་ འཐུང་བ་དང། ཟས་སུ་ཞག་ཟ་བ་དང། ཟས་སུ་ཚིལ་ཟ་བ་དང་ཟས་སུ་རྐང་ཟ་བ་དང། ཟས་སུ་བཙས་པ་ཟ་བ་དང། སྲོག་འཕྲོག་པ་དང། ཟས་སུ་གཏོར་མ་ཟ་བ་དང་ ཟས་སུ་ཕྲེང་བ་ཟ་བ་དང། ཟས་སུ་དྲི་ཟ་བ་དང། ཟས་སུ་བདུག་པ་ཟ་བ་དང། ཟས་སུ་མེ་ཏོག་ཟ་བ་དང། ཟས་སུ་འབྲས་བུ་ཟ་བ་དང། ཟས་སུ་ལོ་ཏོག་ཟ་བ་དང། ཟས་ སུ་སྦྱིན་སྲེག་ཟ་བ་དང། ཟས་སུ་རྣག་འཐུང་བ་དང། ཟས་སུ་ཕྱི་ས་ཟ་བ་དང། ཟས་སུ་གཅིན་འཐུང་བ་དང། ཟས་སུ་མཆིལ་མ་ཟ་བ་དང། ཟས་སུ་ངར་སྣབས་ཟ་བ་ [24B] ཟས་སུ་སྣབས་ཟ་བ་དང། ཟས་སུ་སྐྱུག་པ་ཟ་བ་དང་ཟས་སུ་མི་གཙང་བ་ཟ་བ་དང། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་ལས་སྲུང་བ་གྱིས་ཤིག། ལོ་བརྒྱ་འཚོ་ བར་གྱུར་ཅིག། སྟོན་བརྒྱ་མཐོང་བར་ཤོག་ཅིག་གཤེད་བྱེད་དང་སྒྱུར་བའི་ལས་དང། བྱད་དང། གཡེང་བྱེད་དང། སྦྱིན་སྲེག་གི་ཡོ་བྱད་དང། སྦྱིན་སྲེག་དང་ འཇོམས་པ་དང། ཕོ་ཉ་དང། རོ་ལངས་དང། སེམས་སྒྱུར་བ་དང་རྦོད་གཏོང་དང། བཟའ་ཉེས་དང། སྐྱུག་ཉེས་དང། གནོད་སྒྲིབ་དང། གནོད་བལྟས་དང། བྲི་ཉེས་དང་ སྒོམ་ཉེས་དང། སྨད་པ་དང། སྐྲག་པ་དང། རྒྱལ་པོའི་འཇིགས་པ་དང། ཆོམ་རྐུན་གྱི་འཇིགས་པ་དང། མེའི་འཇིགས་པ་དང། ཆུའི་འཇིགས་པ་དང། ཕ་རོལ་གྱི་དམག་ ཚོགས་ཀྱི་འཇིགས་པ་དང། མུ་གེའི་འཇིགས་པ་དང། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང། ས་གཡོ་བའི་འཇིགས་པ་དང། ཡུལ་བདག་གི་འཇིགས་པ་དང། གཅན་ གཟན་ཁྲོ་བོའི་འཇིགས་པ་དང། མི་མཛའ་བའི་འཇིགས་པ་དང། འཆི་བའི་འཇིགས་པ་དང། འཇིགས་པ་ཐམས་ཅད་ལས་བདག་ལ་སྲུང་བ་གྱིས་ཤིག། ཤུ་བ་དང། གཡའ་ བ་དང། མཛེ་དང། འབྲུམ་བུ་ཕྲ་མོ་དང། མཚན་བར་རྡོལ་བ་དང། ཕོལ་མིག་དང། གཡན་པ་དང། མེ་དབལ་དང། ལྷོག་པའི་འཇིགས་པ་ལས་སྲུང་བ་གྱིས་ཤིག་ [25A]༄༅། །ཀླད་པ་ན་བ་དང། གཞོགས་ཕྱེད་ན་བ་དང། ཡི་ག་འཆུས་པ་དང། མིག་ནད་དང། སྣ་ནད་དང། ཁ་ནད་དང། མགུལ་ནད་དང་སྙིང་ནད་དང། ལྐོག་ མའི་ལྷ་གོར་ན་བ་དང། རྣ་བ་ན་བ་དང། སོ་ན་བ་དང། སྙིང་ན་བ་དང། རྩི་བ་ལོགས་ན་བ་དང། རྒྱབ་ན་བ་དང། ལྟོ་བ་ན་བ་དང། མཁུར་བ་ན་བ་དང། ཆུ་སོ་ན་བ་དང་ སྐྱེ་གནས་ན་བ་དང། རབ་ཏུ་སྐྱེ་གནས་ན་བ་དང། རྐེད་པ་ན་བ་དང། བརླ་ན་བ་དང། བྱིན་པ་ན་བ་དང། ལག་པ་ན་བ་དང་རྐང་པ་ན་བ་དང། ཡན་ལག་ན་བ་དང་ ཉིད་ལག་ན་བ་མེད་པར་གྱིས་ཤིག་རིམས་ནད་མེད་པར་གྱིས་ཤིག་།ཉིན་གཅིག་པ་དང། ཉིན་གཉིས་པ་དང། ཉིན་གསུམ་པ་དང། ཉིན་བཞི་པ་དང། ཉིན་བདུན་པ་ པ་དང། ཟླ་བ་ཕྱེད་པ་དང། ཟླ་བ་གཅིག་པ་དང། ཟླ་བ་གཉིས་པ་དང། ཡུད་ཙམ་པ་དང། རྟག་པའི་རིམས་དང། རིམས་དྲག་པོ་དང། འབྱུང་པོའི་རིམས་དང། རླུང་ ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང། བད་ཀན་ལས་གྱུར་པ་དང། འདུས་པ་ལས་གྱུར་པ་དང། རིམས་ཐམས་ཅད་དང། ནད་ཐམས་ཅད་དང། གདོན་ཐམས་ ཅད་དང། དུག་ཐམས་ཅད་དང། སྡིག་པ་ཐམས་ཅད་དང། སྡུག་བསྔལ་ཐམས་ཅད་དང། འཇིགས་པ་ཐམས་ཅད་བདག་ལ་མེད་པར་གྱིས་ཤིག་སཱཧཱ། ཀུན་དགའ་ [25B] ཤ་ཟ་ཆེན་མོ་བཅུ་གཉིས་པོ་འདི་དག་ནི། གང་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་སྲུང། བཙའ་ཁ་དང། བཙས་པ་ན་ཡང་སྲུང་བ་དག་གོ་བཅུ་གཉིས་ གང་ཞེ་ན། འདི་ལྟ་སྟེ། འཕྱང་མ་དང། རྣམ་པར་འཕྱང་མ་དང། རབ་ཏུ་འཕྱང་མ་དང། ཀུན་ཏུ་འཕྱང་མ་དང། འཕྲོག་མ་དང། སེངྒེའི་རལ་པ་དང། སྤྲེའུ་ལྟར་དམར་སོར་དང་ ནག་མོ་དང། མི་བཟད་པ་དང། དུང་མགྲིན་མ་དང། བྱ་རོག་མ་དང། བུམ་ལྟོ་སྟེ། ཤ་ཟ་ཆེན་མོ་བཅུ་གཉིས་པོ་འདི་དག་ནི། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་ དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་དེ་ལ་སྔགས་ཀྱི་ཚིག་ནི། འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཧ་རེ། ཁུ་རེ་ཁུ་རེ་ མ་ལ། མི་ལེ་མུ་ལེ། མ་དྱནྟི། མཏྟེ། མཎྜི། ཏི་ཀེ། ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ་མེ་ཊི། མེ་ཌི་མེ་ཌི། མེ་ཌི། སིདྡྷི། སིདྡྷི། སིདྡྷི། སིདྡྷི་ བདག་ལ་སྲུང་བ་གྱིས་ཤིག་སཱཧཱ། སསྟི་སསྟི་སསྟི་སསྟི་བདག་ལ་དགེ་བར་གྱུར་ཅིག་སཱཧཱ། ཀུན་དགའ་བོ། ཤ་ཟ་ཆེན་མོ་བརྒྱད་པོ་འདི་དག་ནི། གང་དག་བྱང་ཆུབ་སེམས་ [26A]༄༅། །དཔའ་མའི་རུམ་དུ་ཞུགས་པ་ན་ཡང་སྲུང་སྲུང། བཙའ་ཁ་དང། བཙས་པ་ན་ཡང་སྲུང་སྲུང་བ་དག་གོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རྒྱགས་མ་དང་ རྒྱགས་བྱེད་མ་དང། རྒྱགས་བྱེད་མའི་ཤས་ཆེ་མ་དང། ཉེ་རྒྱགས་མ་དང། ཡི་དྭགས་མོ་དང། མདངས་ཟ་བ་དང། ཟ་བ་མོ་དང། འཆའ་བ་མོ་སྟེ། ཤ་ཟ་མོ་བརྒྱད་པོ་འདི་ དག་ནི། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་ གོ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཡོངས་སུ་བསྐྱབ་པ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་ དང། བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་དང། ས་བཅིང་བ་གྱིས་ཤིང།། ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཧ་རེ་ཁ་རེ་ཁུ་རེ། མ་ལེ་མི་ལེ། མུ་ལེ། མ་དྱནྟི་མཏྟེ་མཎྜི། ཏི་ཀི་ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ་ ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི་མེ་ཌི། མེ་ཌི། སིདྡྷི། སིདྡྷི། སིདྡྷི། སིདྡྷི། བདག་ལ་སྲུང་བ་གྱིས་ཤིག་སསྟི་སསྟི་སསྟི་སསྟི་ [26B] ཀུན་དགའ་བོ། ཤ་ཟ་ཆེན་མོ་ཤ་དང་ཁྲག་ཟ་བ་མི་དག་ལ་རྣམ་པར་འཚེ་བ་བདུན་པོ་འདི་དག་ནི། གང་དག་བྱང་ཆུབ་སེམས་དཔའ་མའི་ རུམ་དུ་ཞུགས་པ་ན་ཡང་སྲུང་སྲུང། བཙའ་ཁ་དང། བཙས་པ་ན་ཡང་སྲུང་སྲུང་བ་དག་གོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རབ་འཆར་ལྡན་དང། སྲུང་བ་མོ་དང། ཤ་ ཟ་ཕྲ་མོ་དང། གང་བ་བཟང་མོ་དང། མེ་སྲུང་མ་དང། མཛའ་མོ་ནག་མོ་དང། དྲང་སྲོང་སྲུང་མ་སྟེ། ཤ་ཟ་མོ་བདུན་པོ་འདི་དག་ནི། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ་ ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་ བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ལེ། མི་ལེ། མུ་ལེ། མ་ དྱནྟི༑ མཏྟེ། མཎྜི། ཏི་ཀེ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི་མེ་ཌི། སིདྡྷི། སིདྡྷི། སིདྡྷི། སིདྡྷི། བདག་ ལ་སྲུང་བ་གྱིས་ཤིག་སསྟི་སསྟི་སསྟི་སསྟི། བདག་ལ་དགེ་བར་གྱུར་ཅིག་སཱཧཱ། ཀུན་དགའ་བོ། སྲིན་མོ་གང་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ [27A]༄༅། །ན་ཡང་སྲུང་སྲུང། བཙའ་ཁ་དང། བཙས་པ་ན་ཡང་སྲུང་སྲུང་བ་ལྔ་ཡོད་དེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གཏུམ་མོ་དང། ངེས་གཏུམ་མོ་དང་ དགའ་མོ་དང། ཁྱབ་འཇུག་ལེན་དང། སེར་སྐྱ་མོ་སྟེ། སྲིན་མོ་ལྔ་པོ་འདི་དག་ནི། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་ བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ལེ། མུ་ལེ། མ་དྱནྟི། མཏྟེ། མཎྜི། ཏི་ཀེ། ཧུ་ལུ་ཧུ་ལུ་ ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ་མེ་ཌི། མེ་ཌི། མེ་ཌི། མི་ཌི། སིདྡྷི་སིདྡྷི། སིདྡྷི་སིདྡྷི། བདག་ལ་སྲུང་བ་གྱིས་ཤིག་སསྟི་སསྟི་སསྟི་ སསྟི༑ བདག་ལ་དགེ་བར་གྱུར་ཅིག་སཱཧཱ། ཀུན་དགའ་བོ། སྲིན་མོ་ཆེན་མོ་ཤ་དང་ཁྲག་ཟ་བ་མི་རྣམས་ལ་རྣམ་པར་འཚེ་བ་བརྒྱད་པོ་འདི་དག་བྱང་ཆུབ་སེམས་ དཔའ་མའི་རུམ་དུ་ཞུགས་པ་ན་ཡང་སྲུང་སྲུང། བཙའ་ཁ་དང་བཙས་པ་ན་ཡང་སྲུང་སྲུང་བ་དག་གོ་དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། གླེན་མ་དང། མཚམས་ [27B] ཀུ་ཤ་ལྟ་བུའི་མིག་ཅན་མ་དང། སྒྲ་གཅན་དང། ཀམྤོ་ཛི་དང། རབ་མཛའ་མ་དང། མིག་དམར་མོ་དང། མིག་བཟང་མ་སྟེ། དེ་དག་ནི། ཤ་དང་ཁྲག་ཟ་ བ་དང། སྐྱེས་པ་དང། བུད་མེད་དང། ཁྱེའུ་དང། བུ་མོ་དག་ཀྱང་འཕྲོག་པ། དཔང་དུ་ཞུགས་པའི་ཁྱིམ་དག་དང། ཁང་སྟོང་ལ་བརྟེན་པ། མུན་པའི་འོད་འགྲོ་བའི་རྗེས་སུ་ འགྲོ་བ༑ སྒྲ་འབྱིན་པ། མི་རྣམས་ཀྱི་མདངས་འཕྲོག་པ། བྱེད་པ་ཆེན་པོའོ། །དེ་དག་ནི། སྙིང་རྗེ་མེད་ཅིང་མིའི་སྐྱེ་རྒུ་སྐྲག་པར་བྱེད་པ་སྟེ། སྲིན་མོ་ཆེན་མོ་བརྒྱད་པོ་འདི་དག་ ནི༑ རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་ གོ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ་ ཧ་རེ༑ ཁ་རེ། ཁུ་རེ། མ་ལེ་མི་ལེ། མུ་ལེ། མ་དྱནྟི། མཏྟེ་མཎྜི། ཏི་ཀེ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི་ མེ་ཌི༑ སིདྡྷི། སིདྡྷི། སིདྡྷི། སིདྡྷི། སཱཧཱ། སསྟི་སསྟི་སསྟི་སསྟི། བདག་ལ་དགེ་བར་གྱུར་ཅིག་སཱཧཱ། ཀུན་དགའ་བོ་སྲིན་མོ་ཆེན་མོ་བཅུ་པོ་འདི་དག་ནི། གང་དག་ [28A]༄༅། །བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་སྲུང་སྲུང། བཙའ་ཁ་དང། བཙས་པ་ན་ཡང་སྲུང་སྲུང་བ་དག་གོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་ སྟེ༑ སྲིན་མོ་འཕྲོག་མ་དང། སྲིན་མོ་དགའ་མོ་དང། སྲིན་མོ་དམར་སེར་མོ་དང། སྲིན་མོ་དུང་ཅན་མ་དང། སྲིན་མོ་ལུས་ལས་བྱུང་མ་དང། སྲིན་མོ་ལྷ་བཤོས་མ་དང་ སྲིན་མོ་བུམ་པ་མ་དང། སྲིན་མོ་མེ་ཏོག་ཀུནྡའི་མཆེ་བ་ཅན་དང་སྲིན་མོ་འཕྱང་མ་དང། སྲིན་མོ་མེ་སྟེ། སྲིན་མོ་ཆེན་མོ་བཅུ་པོ་འདི་དག་ནི། རྫུ་འཕྲུལ་དང་ལྡན་པ་ འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ་རྫུ་འཕྲུལ་ཆེ་བ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་དེ་དག་གིས་ཀྱང་རིག་ སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་།ཏདྱ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ ལེ༑ མི་ལེ། མུ་ལེ། མ་དྱནྟི། མཏྟེ། མཎྜི། ཏི་ཀེ་ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི། མེ་ཌི། སིདྡྷི། སིདྡྷི་ སིདྡྷི༑ སིདྡྷི། སསྟི་སསྟི་སསྟི་སསྟི། བདག་ལ་བདེ་ལེགས་སུ་གྱུར་ཅིག་སཱཧཱ། ཀུན་དགའ་བོ། སྲིན་མོ་ཆེན་མོ་བཅུ་གཉིས་པོ་འདི་དག་ནི། གང་དག་བྱང་ཆུབ་སེམས་ [28B] བཙའ་ཁ་དང། བཙས་པ་ན་ཡང་སྲུང་སྲུང་བ་དག་གོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲིན་མོ་མགོན་མེད་མ་དང། སྲིན་ མོ་རྒྱ་མཚོ་མ་དང། སྲིན་མོ་དྲག་པོ་དང། སྲིན་མོ་སྲོག་འཕྲོག་མ་དང། སྲིན་མོ་རིག་མ་དང། སྲིན་མོ་གཞུ་འཛིན་མ་དང། སྲིན་མོ་མདའ་འཛིན་མ་དང། སྲིན་མོ་རལ་གྲི་ འཛིན་མ་དང། སྲིན་མོ་གཤོལ་འཛིན་མ་དང། སྲིན་མོ་འཁོར་ལོ་འཛིན་མ་དང། སྲིན་མོ་ཁོར་ཡུག་མ་དང། སྲིན་མོ་འཇིགས་བྱེད་མ་སྟེ། སྲིན་མོ་བཅུ་གཉིས་པོ་འདི་དག་ནི་ རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ་གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་ དེ་དག་གིས་ཀྱང་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཧ་རེ་ ཁ་རེ༑ ཁུ་རེ། མ་ལེ། མི་ལེ། མུ་ལེ། མ་དྱནྟི། མཏྟེ། མཎྜི། ཏི་ཀེ་ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི་མེ་ཌི། མེ་ཌི་མེ་ཌི་ སིདྡྷི༑ སིདྡྷི། སིདྡྷི། སིདྡྷི། སསྟི་སསྟི་སསྟི་སསྟི། བདག་བདེ་ལེགས་སུ་གྱུར་ཅིག་སཱཧཱ། ཀུན་དགའ་བོ། མ་མོ་ཆེན་མོ་བཅུ་གཉིས་པོ་འདི་དག་ནི། གང་དག་བྱང་ཆུབ་ [29A]༄༅། །སེམས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་སྲུང་སྲུང་བཙའ་ཁ་དང། བཙས་ཕན་ཡང་སྲུང་སྲུང་ཞིང། གང་དག་སེམས་ཅན་ལ་གནོད་པར་ བྱེད་པ༑ སྐྲག་པར་བྱེད་པ། རྣམ་པར་འཚེ་བར་བྱེད་པ་དག་གོ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཚངས་པའི་ཆུང་མ་དང་དྲག་པོའི་ཆུང་མ་དང། གཞོན་ནུའི་ ཆུང་མ་དང། ཁྱབ་འཇུག་གི་ཆུང་མ་དང། དབང་པོའི་ཆུང་མ་དང། ཕག་གི་ཆུང་མ་དང། ལུས་ངན་གྱི་ཆུང་མ་དང། རླུང་ལྷའི་ཆུང་མ་དང། གཤིན་རྗེའི་ཆུང་མ་ དང། རླུང་གི་ཆུང་མ་དང། མེའི་ཆུང་མ་དང། ནག་མོ་ཆེན་མོ་སྟེ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་ བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཧ་རེ། ཁུ་རེ་ཁུ་རེ། མ་ལེ། མི་ལེ། མུ་ལ། མ་དྱནྟི་མཏྟེ། མཎྜི་ཏི་ཀེ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ ལུ༑ ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི་མེ་ཌི། མེ་ཌི་མེ་ཌི། སིདྡྷི། སིདྡྷི། སིདྡྷི། སིདྡྷི། སསྟི་སསྟི་སསྟི་སསྟི། བདག་ལ་བདེ་ལེགས་སུ་གྱུར་ ཅིག་སཱཧཱ། ཀུན་དགའ་བོ། སྲིན་མོའི་ཆུང་མ་ཤ་ཟ་མོ་རལ་པ་གཅིག་པ་ཞེས་བྱ་བ་རྒྱ་མཚོའི་ངོགས་ན་གནས་པ་ཁྲག་གི་དྲི་ཚོར་ན་མཚན་གཅིག་ལ་དཔག་ཚད་ [29B] དེ་ཡང་བྱང་ཆུབ་སེམས་དཔའ་མིའི་རུམ་དུ་ཞུགས་པ་ན་ཡང་སྲུང་སྲུང། བཙའ་ཁ་དང། བཙས་པ་ན་ཡང་སྲུང་སྲུང་བའོ། །དེས་ཀྱང་ རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཧ་རེ། ཁ་རེ། ཁུ་རེ་ མ་ལ༑ མི་ལེ། མུ་ལེ། མ་དྱནྟི། མཏྟེ། མཎྜི་ཏི་ཀེ། ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ་མེ་ཌི། མེ་ཌི། མེ་ཌི། མེ་ཌི། སིདྡྷི་ སིདྡྷི༑ སིདྡྷི། སིདྡྷི། སསྟི་སསྟི་སསྟི་སསྟི། བདག་ལ་བདེ་ལེགས་སུ་གྱུར་ཅིག་སཱཧཱ། ཀུན་དགའ་བོ། ཁྱོད་ཀྱིས་སྲིན་མོ་རྣམས་ཀྱི་མིང་ཟུངས་ཤིག་འདི་ལྟ་སྟེ། སྲིན་མོ་ སེར་སྐྱ་མོ་ཞེས་བྱ་བ་དང། སྲིན་མོ་པདྨ་ཞེས་བྱ་བ་དང་སྲིན་མོ་མ་ཧེ་མོ་ཞེས་བྱ་བ་དང། སྲིན་མོ་དཀར་མོ་ཞེས་བྱ་བ་དང། སྲིན་མོ་དབུ་བུ་ཅན་ཞེས་བྱ་བ་དང། སྲིན་མོ་ འབར་མ་ཞེས་བྱ་བ་དང། སྲིན་མོ་གདུང་མ་ཞེས་བྱ་བ་དང། སྲིན་མོ་བུམ་པ་ཅན་ཞེས་བྱ་བ་དང། སྲིན་མོ་དྲི་མེད་ཅེས་བྱ་བ་དང་སྲིན་མོ་ས་ཞེས་བྱ་བ་དང། སྲིན་མོ་ སེངྒེའི་ཟླ་བ་ཞེས་བྱ་བ་དང། སྲིན་མོ་སྣར་མ་ཞེས་བྱ་བ་དང། སྲིན་མོ་འོད་ཟེར་མ་དང། སྲིན་མོ་སྦྱིན་སྲེག་ཟ་བ་དང་སྲིན་མོ་ཆུ་ལྷའི་ཆུང་མ་དང། སྲིན་མོ་ནག་མོ་དང་ [30A]༄༅། །སྲིན་མོ་གླང་ཆེན་མ་དང། སྲིན་མོ་སྟོབས་ཆེན་མ་དང་སྲིན་མོ་ཟ་བ་མོ་དང། སྲིན་མོ་ལག་འགྲོ་མ་དང། སྲིན་མོ་མ་ཏང་གི་དང། སྲིན་མོ་དམར་ སེར་མོ་དང། སྲིན་མོ་ཐིགས་པ་འཛིན་དང། སྲིན་མོ་གཏུམ་མོ་མ་དང། སྲིན་མོ་རི་འཛིན་མ་དང། སྲིན་མོ་གྲུལ་བུམ་མ་དང། སྲིན་མོ་ཚོན་ངན་མ་དང། སྲིན་མོ་ཟློག་ བྱེད་མ་དང། སྲིན་མོ་རྒྱགས་མ་དང། སྲིན་མོ་མངལ་ཟ་མ་དང་སྲིན་མོ་ཁྲག་ཟ་མ་དང། སྲིན་མོ་སོ་སྟོ་མ་དང། སྲིན་མོ་སྡངས་བྱེད་མ་དང། སྲིན་མོ་ཚངས་པ་མ་ དང། སྲིན་མོ་ལྟེང་ག་སྐྱོང་དང། སྲིན་མོ་རྡོ་རྗེ་འཛིན་དང་སྲིན་མོ་སྐེམ་བྱེད་མ་དང། སྲིན་མོ་མུན་པ་མ་དང། སྲིན་མོ་ཆར་འབེབས་དང། སྲིན་མོ་འབྲུག་སྒྲོག་ དང། སྲིན་མོ་འགེམས་མ་དང། སྲིན་མོ་སྣང་བྱེད་མ་དང། སྲིན་མོ་འགྲོ་བ་མ་དང། སྲིན་མོ་སྒྲོན་མ་ཁ་དང། སྲིན་མོ་ནོར་འཛིན་མ་དང། སྲིན་མོ་མཚན་མོ་ནག་ མོ་དང། སྲིན་མོ་གཤིན་རྗེའི་ཕོ་ཉ་མོ་དང། སྲིན་མོ་མཆེ་བ་མ་དང། སྲིན་མོ་ཡ་མ་དང། སྲིན་མོ་དྲི་མ་མེད་དང། སྲིན་མོ་སྟོབས་བཟང་མ་དང། སྲིན་མོ་རལ་པ་ འགྲེང་དང། སྲིན་མོ་མགོ་བརྒྱ་མ་དང། སྲིན་མོ་ལག་བརྒྱ་མ་དང། སྲིན་མོ་མིག་བརྒྱ་མ་དང། སྲིན་མོ་གནོད་བྱེད་མ་དང། སྲིན་མོ་འཇོམས་མ་དང། སྲིན་ [30B] སྲིན་མོ་ཟླ་བ་དང། སྲིན་མོ་མཚན་མོ་རྒྱུ་དང། སྲིན་མོ་ཉིན་མོ་རྒྱུ་དང། སྲིན་མོ་ཞགས་པ་མ་དང་སྲིན་མོ་ཁྲོ་མོ་དང། སྲིན་མོ་རྣམ་པར་འཆེ་དང། སྲིན་ མོ་རལ་གྲི་ཅན་དང། སྲིན་མོ་ལག་ན་གཏུན་ཤིང་འཛིན་དང། སྲིན་མོ་ལག་ན་རྩེ་གསུམ་མ་དང། སྲིན་མོ་སོ་བྲོད་མ་དང། སྲིན་མོ་ཡིད་དུ་འོང་དང། སྲིན་མོ་དེས་མ་དང་ སྲིན་མོ་གཏུམ་མོ་དང། སྲིན་མོ་སོ་དང། སྲིན་མོ་འགྲོ་འཁྲུག་མ་དང། སྲིན་མོ་སྔོན་མོ་དང། སྲིན་མོ་ཁྲ་མོ་དང། སྲིན་མོ་ཆེན་མོ་བདུན་ཅུ་རྩ་བཞི་པོ་འདི་དག་ནི། རྫུ་འཕྲུལ་ དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་དེ་དག་གིས་ ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། མི་ལི་ མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི། ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ། ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི། ཧིཀྐེ་ཧིཀྐེ་ཧིཀྐེ་ཧིཀྵེ་ ཏ་ཌ་ཏ་བ་ཌོ། བཀྵེ་བཀྵེ། ཧོ་རེ་ཧོ་རེ། དྷ་ར་དྷ་ར། ཧ་ར་ཧ་ར། ཙ་ལ་ཙ་ལ། ཙུ་ལུ་ཙུ་ལུ་སཱཧཱ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ་སཱཧཱ། རང་སངས་རྒྱས་རྣམས་ལ་སཱཧཱ་ [31A]༄༅། །དགྲ་བཅོམ་པ་རྣམས་ལ་སཱཧཱ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སཱཧཱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སཱཧཱ་ཕྱིར་མི་འོང་བ་རྣམས་ ལ་སཱཧཱ་ལན་གཅིག་ཕྱིར་འོང་བ་རྣམས་ལ་སཱཧཱ། རྒྱུན་དུ་ཞུགས་པ་རྣམས་ལ་སཱཧཱ། ཡང་དག་པར་སོང་བ་རྣམས་ལ་སཱཧཱ་ཡང་དག་པར་ཞུགས་པ་རྣམས་ ལ་སཱཧཱ༑ ཚངས་པ་ལ་སཱཧཱ། དབང་པོ་ལ་སཱཧཱ། སྐྱེ་རྒུའི་བདག་པོ་ལ་སཱཧཱ། དབང་ལྡན་ལ་སཱཧཱ། མེ་ལྷ་ལ་སཱཧཱ་རླུང་ལྷ་ལ་སཱཧཱ། ཆུ་ལྷ་ལ་སཱཧཱ། ལུས་ངན་ལ་སཱཧཱ་ གཤིན་རྗེ་ལ་སཱཧཱ། ཉེ་བའི་དབང་པོ་ལ་སཱཧཱ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམ་ཐོས་བུ་ལ་སཱཧཱ། དྲི་ཟའི་བདག་པོ་ཡུལ་འཁོར་སྲུང་ལ་སཱཧཱ། གྲུལ་བུམ་ གྱི་བདག་པོ་འཕགས་སྐྱེས་པོ་ལ་སཱཧཱ། ཀླུའི་བདག་པོ་མིག་མི་བཟང་ལ་སཱཧཱ། ལྷ་རྣམས་ལ་སཱཧཱ། ཀླུ་རྣམས་ལ་སཱཧཱ། ལྷ་མ་ཡིན་རྣམས་ལ་སཱཧཱ། རླུང་ལྷ་རྣམས་ ལ་སཱཧཱ༑ ནམ་མཁའ་ལྡིང་རྣམས་ལ་སཱཧཱ། དྲི་ཟ་རྣམས་ལ་སཱཧཱ། མིའམ་ཅི་རྣམས་ལ་སཱཧཱ། ལྟོ་འཕྱེ་ཆེན་པོ་རྣམས་ལ་སཱཧཱ། གནོད་སྦྱིན་རྣམས་ལ་སཱཧཱ། སྲིན་ པོ་རྣམས་ལ་སཱཧཱ། ཡི་དྭགས་རྣམས་ལ་སཱཧཱ། ཤ་ཟ་རྣམས་ལ་སཱཧཱ། འབྱུང་པོ་རྣམས་ལ་སཱཧཱ། གྲུལ་བུམ་རྣམས་ལ་སཱཧཱ་སྲུལ་པོ་རྣམས་ལ་སཱཧཱ། ལུས་སྲུལ་ [31B] སྐེམ་བྱེད་རྣམས་ལ་སཱཧཱ། སྨྱོ་བྱེད་རྣམས་ལ་སཱཧཱ། གྲིབ་གནོན་རྣམས་ལ་སཱཧཱ། བརྗེད་བྱེད་རྣམས་ལ་སཱཧཱ། གནོན་པོ་རྣམས་ལ་སཱཧཱ། ཟླ་བ་དང་ཉི་མ་ལ་ སཱཧཱ༑ དྲག་པོ་རྣམས་ལ་སཱཧཱ། རྒྱུ་སྐར་རྣམས་ལ་སཱཧཱ་གཟའ་རྣམས་ལ་སཱཧཱ། སྐར་མ་རྣམས་ལ་སཱཧཱ། དྲང་སྲོང་རྣམས་ལ་སཱཧཱ། བརྟུལ་ཞུགས་གྲུབ་པ་རྣམས་ལ་སཱཧཱ་ རིག་སྔགས་འཆང་གྲུབ་པ་རྣམས་ལ་སཱཧཱ། དཀར་མོ་ལ་སཱཧཱ་ས་འཛིན་མ་ལ་སཱཧཱ། དུག་སེལ་མ་ལ་སཱཧཱ། འཆི་མེད་མ་ལ་སཱཧཱ། རྨུགས་བྱེད་མ་ལ་སཱཧཱ། རེངས་བྱེད་མ་ལ་ སཱཧཱ། ཐལ་མོ་རྡེག་མ་ལ་སཱཧཱ། འགྲོ་ལྡིང་མ་ལ་སཱཧཱ་ཤ་བ་རཱི་ལ་སཱཧཱ། ཨརྠ་ཤ་བ་ར་ལི་སཱཧཱ། གཏུམ་མོ་ལ་སཱཧཱ། བ་གླང་ཆེན་མོ་ལ་སཱཧཱ། ཀླུའི་སྙིང་པོ་ལ་སཱཧཱ་ནམ་མཁའ་ ལྡིང་གི་སྙིང་པོ་ལ་སཱཧཱ། ཡིད་ལས་བྱུང་ལ་སཱཧཱ། ཡིད་ལས་བྱུང་ཆེན་པོ་ལ་སཱཧཱ། ཡི་གེ་དྲུག་མ་ལ་སཱཧཱ། ནོར་བུ་བཟང་ལ་སཱཧཱ། ཀུན་ཏུ་བཟང་པོ་ལ་སཱཧཱ། ཀུན་ཏུ་བཟང་ པོ་ཆེན་པོ་ལ་སཱཧཱ། དམ་ཚིག་ཆེན་པོ་ལ་སཱཧཱ། ཟླ་བ་ཆེན་པོ་ལ་སཱཧཱ། སོ་སོར་འབྲང་བ་ཆེན་མོ་ལ་སཱཧཱ། བསིལ་བའི་ནགས་ཚལ་ལ་སཱཧཱ། བསིལ་བའི་ནགས་ཚལ་ཆེན་པོ་ ལ་སཱཧཱ། བེ་ཅོན་འཛིན་མ་ལ་སཱཧཱ། བེ་ཅོན་འཛིན་ཆེན་མོ་ལ་སཱཧཱ། བཏང་བཟུང་ལ་སཱཧཱ། བཏང་བཟུང་ཆེན་པོ་ལ་སཱཧཱ་རྒྱལ་བྱེད་མ་ལ་སཱཧཱ། ཞི་མ་ལ་སཱཧཱ། ལྔས་རྩེན་ལ་ [32A]༄༅། །སཱཧཱ༑ གཞན་གྱིས་མི་ཐུབ་མ་ལ་སཱཧཱ། རྨ་བྱའི་རྒྱལ་མོ་གསེར་དུ་སྣང་བ་ལ་སཱཧཱ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་སཱཧཱ། རིག་སྔགས་ཆེན་མོ་དང་ གསང་སྔགས་ཆེན་མོ་དང། སོ་སོར་འབྲང་བ་ཆེན་མོ་དང། སྲུང་བ་ཆེན་མོ་འདི་དག་གིས་གཤེད་བྱེད་རྣམས་བཅོམ་མོ། །སྒྱུར་བའི་ལས་རྣམས་དང། བྱད་དང་གཡེང་བྱེད་ རྣམས་དང། རོ་ལངས་རྣམས་དང། སེམས་སྒྱུར་བ་རྣམས་དང། རྦོད་གཏོང་རྣམས་བཅོམ་མོ། །སྐེམ་བྱེད་རྣམས་དང། སྨྱོ་བྱེད་རྣམས་དང་གྲིབ་གནོན་རྣམས་དང། བརྗེད་ བྱེད་རྣམས་བཅོམ་མོ། །སྐེམ་པ་རྣམས་དང། སྐྲག་པ་རྣམས་དང་དབྱིག་དུག་རྣམས་དང། དུག་རྣམས་བཅོམ་མོ། །བཟའ་ཉེས་རྣམས་དང་སྐྱུག་ཉེས་རྣམས་དང་ གནོད་སྒྲིབ་རྣམས་དང། གནོད་བལྟས་རྣམས་དང། བྲི་ཉེས་རྣམས་དང། སྒོམ་ཉེས་རྣམས་དང། སྨད་པ་རྣམས་བཅོམ་མོ། །རིམས་ཉིན་གཅིག་པ་རྣམས་དང། ཉིན་ གཉིས་པ་རྣམས་དང། ཉིན་གསུམ་པ་རྣམས་དང། ཉིན་བཞི་པ་རྣམས་དང། ཉིན་བདུན་པ་རྣམས་དང། ཟླ་བ་ཕྱེད་པ་རྣམས་དང། ཟླ་བ་གཅིག་པ་རྣམས་དང། ཉིན་ མོ་པ་རྣམས་དང། མཚན་མོ་པ་རྣམས་དང། ཡུད་ཙམ་པ་རྣམས་དང་རྟག་པའི་རིམས་རྣམས་དང། རིམས་དྲག་པོ་རྣམས་དང། རླུང་ལས་གྱུར་པ་རྣམས་དང། མཁྲིས་ [32B] བད་ཀན་ལས་གྱུར་པ་རྣམས་དང་འདུས་པ་ལས་གྱུར་པ་རྣམས་དང། མིའི་རིམས་རྣམས་དང། མི་མ་ཡིན་པའི་རིམས་རྣམས་བཅོམ་མོ། ། རིམས་ཐམས་ཅད་བཅོམ་མོ། །ཤུ་བ་དང། ཡཱ་བ་དང། འབྲུམ་བུ་ཕྲ་མོ་དང། མཛེ་དང། ཕོལ་མིག་དང། གཡན་པ་དང། མེ་དབལ་དང། ལྷོག་པ་རྣམས་བཅོམ་མོ། ། ཀླད་པ་ན་བ་དང། གཞོགས་ཕྱེད་ན་བ་དང། ཡི་ག་འཆུས་པ་དང་མིག་ནད་དང། སྣ་ནད་དང། ཁ་ནད་དང། མགུལ་ནད་དང། སྙིང་ནད་དང། ལྐོག་མའི་ལྷ་གོར་ན་བ་ དང། རྣ་བ་ན་བ་དང། སོ་ན་བ་དང། སྙིང་ན་བ་དང། རྩིབས་ལོགས་ན་བ་དང། རྒྱབ་ན་བ་དང། ལྟོ་བ་ན་བ་དང། མཁུར་བ་ན་བ་དང། མཚན་བར་རྡོལ་བ་དང། སྐྱེ་གནས་ ན་བ་དང། རབ་ཏུ་སྐྱེ་གནས་ན་བ་དང། རྐེད་པ་ན་བ་དང། བརླ་ན་བ་དང། བྱིན་པ་ན་བ་དང། ལག་པ་ན་བ་དང། རྐང་པ་ན་བ་དང། ཡན་ལག་ན་བ་དང། ཉིང་ལག་ན་བ་རྣམས་ བཅོམ་མོ། །གདོན་ཐམས་ཅད་དང། དུག་ཐམས་ཅད་དང། ནད་ཐམས་ཅད་བཅོམ་མོ། །བདག་བདེ་ལེགས་སུ་གྱུར་ཅིག་མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉིན་ མའི་གུང་གི་བདེ་ལེགས་དང། །ཉིན་མཚན་ཀུན་གྱི་བདེ་ལེགས་དག་།སངས་རྒྱས་ཀུན་གྱིས་བདག་ལ་སྩོལ། །སངས་རྒྱས་ཕྱག་འཚལ་བྱང་ཆུབ་འཚལ་ལོ། །གྲོལ་ [33A]༄༅། །གྱུར་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །ཞི་གྱུར་ཕྱག་འཚལ་ཞི་ལ་ཕྱག་འཚལ་ལོ། །རྣམ་གྲོལ་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་གང་ དག་སྡིག་པའི་ཆོས་རྣམས་བསལ་བར་གྱུར་པ་དེ་དག་ལ་ཡང་ཕྱག་འཚལ་ལོ། །དེ་དག་གིས་ཀྱང་བདག་ལ་སྲུང་བ་གྱིས་ཤིག། ཕ་བདེ་ལེགས་སུ་གྱུར་ཅིག་མ་བདེ་ལེགས་ སུ་གྱུར་ཅིག། མངལ་བདེ་ལེགས་སུ་གྱུར་ཅིག་རྐང་གཉིས་པ་རྣམས་བདེ་ལེགས་སུ་གྱུར་ཅིག་རྐང་བཞི་པ་རྣམས་བདེ་ལེགས་སུ་གྱུར་ཅིག་རྐང་མང་པ་རྣམས་བདེ་ ལེགས་སུ་གྱུར་ཅིག་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག་སཱཧཱ། ཀུན་དགའ་བོ། ཁྱོད་ཀྱིས་ཀླུའི་རྒྱལ་པོ་རྣམས་ཀྱིས་མིང་ ཟུངས་ཤིག་འདི་ལྟ་སྟེ། ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་དང། ཀླུའི་རྒྱལ་པོ་ཚངས་པ་དང། ཀླུའི་རྒྱལ་པོ་ཚངས་ཆེན་དང་ཀླུའི་རྒྱལ་པོ་དབང་པོ་དང་ཀླུའི་ རྒྱལ་པོ་ཉེ་བའི་དབང་པོ་དང། ཀླུའི་རྒྱལ་པོ་རྒྱ་མཚོ་དང་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དང། ཀླུའི་རྒྱལ་པོ་དུག་མེད་བཅས་དང། ཀླུའི་རྒྱལ་པོ་མཚོ་ཆེན་དང། ཀླུའི་རྒྱལ་པོ་ མཚོ་ཆེན་བུ་དང། ཀླུའི་རྒྱལ་པོ་ཆུ་སྲིན་དང། ཀླུའི་རྒྱལ་པོ་དགའ་བོ་དང། ཀླུའི་རྒྱལ་པོ་ཉེ་དགའ་བོ་དང། ཀླུའི་རྒྱལ་པོ་མི་ཞུམ་པ་དང། ཀླུའི་རྒྱལ་པོ་ཉེ་བར་མི་ [33B] ཀླུའི་རྒྱལ་པོ་ལྟ་ན་མཛེས་དང། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང། ཀླུའི་རྒྱལ་པོ་འཇོག་པོ་དང། ཀླུའི་རྒྱལ་པོ་སྐྱ་རེངས་དང། ཀླུའི་རྒྱལ་པོ་ཆུ་ལྷ་དང། ཀླུའི་རྒྱལ་ པོ་པཎྜ་ཀ་དང། ཀླུའི་རྒྱལ་པོ་སོར་མོ་དྲུག་པ་དང། ཀླུའི་རྒྱལ་པོ་སྙིང་པོར་འགྲོ་བ་དང། ཀླུའི་རྒྱལ་པོ་དཔལ་ལྡན་དང། ཀླུའི་རྒྱལ་པོ་དཔལ་མགྲིན་དང། ཀླུའི་རྒྱལ་པོ་དཔལ་ འཕེལ་དང། ཀླུའི་རྒྱལ་པོ་དཔལ་བཟང་དང། ཀླུའི་རྒྱལ་པོ་སྟོབས་བཟང་དང། ཀླུའི་རྒྱལ་པོ་ཆུ་སྐྱེས་དང། ཀླུའི་རྒྱལ་པོ་སྟག་རེ་དང། ཀླུའི་རྒྱལ་པོ་ལག་བཟང་དང། ཀླུའི་རྒྱལ་ པོ་རི་རབ་དང། ཀླུའི་རྒྱལ་པོ་ཉི་འོད་དང། ཀླུའི་རྒྱལ་པོ་ཟླ་འོད་དང། ཀླུའི་རྒྱལ་པོ་བཟང་སྡུག་དང། ཀླུའི་རྒྱལ་པོ་ངར་བ་དང། ཀླུའི་རྒྱལ་པོ་ལག་བཟང་དང། ཀླུའི་རྒྱལ་ འབྱིན་དང། ཀླུའི་རྒྱལ་པོ་རྒྱས་བྱེད་དང། ཀླུའི་རྒྱལ་པོ་ཆར་འབེབས་དང། ཀླུའི་རྒྱལ་པོ་དྲི་མེད་དང། ཀླུའི་རྒྱལ་པོ་སྟོབས་ཆེན་མགོ་དང། ཀླུའི་རྒྱལ་པོ་ལྕང་ལོ་ཅན་གྱི་མགོ་དང་ ཀླུའི་རྒྱལ་པོ་རྟ་མགོ་དང། ཀླུའི་རྒྱལ་པོ་བ་ལང་མགོ་དང་ཀླུའི་རྒྱལ་པོ་རི་དྭགས་མགོ་དང། ཀླུའི་རྒྱལ་པོ་གླང་པོ་ཆེའི་མགོ་དང། ཀླུའི་རྒྱལ་པོ་རླན་སྟོབས་ཅན་དང་ ཀླུའི་རྒྱལ་པོ་སྐྱེ་བོ་འཚེ་དང། ཀླུའི་རྒྱལ་པོ་རིས་བཀྲ་དང་ཀླུའི་རྒྱལ་པོ་མིག་བཀྲ་དང། ཀླུའི་རྒྱལ་པོ་སྣ་ཚོགས་སྡེ་དང་ཀླུའི་རྒྱལ་པོ་མི་གཏོང་བ་དང། ཀླུའི་རྒྱལ་པོ་ [34A]༄༅། །གཏོང་པོ་དང། ཀླུའི་རྒྱལ་པོ་བཏང་བཟུང་དང། ཀླུའི་རྒྱལ་པོ་སྒྲ་སྒྲོག་གི་བུ་དང། ཀླུའི་རྒྱལ་པོ་རྟོགས་པའི་བུ་དང། ཀླུའི་རྒྱལ་པོ་དཔལ་དང། ཀླུའི་རྒྱལ་ པོ་དཔལ་ཅན་དང། ཀླུའི་རྒྱལ་པོ་འཕྱང་བ་དང། ཀླུའི་རྒྱལ་པོ་སྲིན་བུ་དང། ཀླུའི་རྒྱལ་པོ་མཐའ་ཡས་དང། ཀླུའི་རྒྱལ་པོ་གསེར་དང། ཀླུའི་རྒྱལ་པོ་གླང་པོའི་རྩལ་དང། ཀླུའི་ རྒྱལ་པོ་དཀར་གསལ་དང། ཀླུའི་རྒྱལ་པོ་སེར་སྐྱ་དང། ཀླུའི་རྒྱལ་པོ་ཨེ་ལའི་འདབ་དང། ཀླུའི་རྒྱལ་པོ་དཀར་པོ་དང། ཀླུའི་རྒྱལ་པོ་དུང་དང། ཀླུའི་རྒྱལ་པོ་སོག་མ་མེད་ དང། ཀླུའི་རྒྱལ་པོ་ནག་པོ་དང། ཀླུའི་རྒྱལ་པོ་ཉེ་ནག་དང་ཀླུའི་རྒྱལ་པོ་སྟོབས་ལྷ་དང། ཀླུའི་རྒྱལ་པོ་སྲེད་མེད་ཀྱི་བུ་དང། ཀླུའི་རྒྱལ་པོ་ལ་བ་དང། ཀླུའི་རྒྱལ་པོ་སྐྲག་ བྱེད་དང། ཀླུའི་རྒྱལ་པོ་སྲིན་པོ་དང། ཀླུའི་རྒྱལ་པོ་བྲག་ལག་དང། ཀླུའི་རྒྱལ་པོ་གངྒཱ་དང། ཀླུའི་རྒྱལ་པོ་སིནྡྷུ་དང་ཀླུའི་རྒྱལ་པོ་པཀྵུ་དང། ཀླུའི་རྒྱལ་པོ་སྐྲག་ དང། ཀླུའི་རྒྱལ་པོ་བཀྲ་ཤིས་དང། ཀླུའི་རྒྱལ་པོ་མ་དྲོས་པ་དང། ཀླུའི་རྒྱལ་པོ་རབ་བརྟན་དང། ཀླུའི་རྒྱལ་པོ་ས་སྲུང་གི་བུ་དང། ཀླུའི་རྒྱལ་པོ་ས་འཛིན་དང་ ཀླུའི་རྒྱལ་པོ་མུ་ཁྱུད་འཛིན་དང། ཀླུའི་རྒྱལ་པོ་མདོག་འཛིན་དང། ཀླུའི་རྒྱལ་པོ་བཟང་པོ་དང། ཀླུའི་རྒྱལ་པོ་རབ་ཏུ་བཟང་དང། ཀླུའི་རྒྱལ་པོ་ནོར་བཟང་དང་ [34B] ཀླུའི་རྒྱལ་པོ་ནོར་བུ་དང་ཀླུའི་རྒྱལ་པོ་ནོར་བུ་འགུལ་དང། ཀླུའི་རྒྱལ་པོ་ནག་པོ་གཉིས་དང། ཀླུའི་རྒྱལ་པོ་སེར་པོ་གཉིས་དང། ཀླུའི་ རྒྱལ་པོ་དམར་པོ་གཉིས་དང། ཀླུའི་རྒྱལ་པོ་དཀར་པོ་གཉིས་དང་ཀླུའི་རྒྱལ་པོ་ཕྲེང་ལྡན་དང། ཀླུའི་རྒྱལ་པོ་དམར་ཕྲེང་ཅན་དང། ཀླུའི་རྒྱལ་པོ་བེའུ་དང། ཀླུའི་རྒྱལ་པོ་ ཁྲུམས་སྟོད་དང། ཀླུའི་རྒྱལ་པོ་རྔ་དང། ཀླུའི་རྒྱལ་པོ་ཉེ་རྔ་དང། ཀླུའི་རྒྱལ་པོ་ཨ་མྲ་མུ་སྟེགས་པ་དང། ཀླུའི་རྒྱལ་པོ་ནོར་བུའི་བུ་དང། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་དང་ ཀླུའི་རྒྱལ་པོ་འཕགས་སྐྱེས་པོ་དང། ཀླུའི་རྒྱལ་པོ་མིག་མི་བཟང་དང། ཀླུའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང། ཀླུའི་རྒྱལ་པོ་ཤིང་རྟའི་བཞིན་དང། ཀླུའི་རྒྱལ་པོ་ཙམ་པར་སྐྱེས་ དང། ཀླུའི་རྒྱལ་པོ་གོའུ་ཏ་མ་དང། ཀླུའི་རྒྱལ་པོ་ལྔ་ལེན་དང། ཀླུའི་རྒྱལ་པོ་གཙུག་ཕུད་ལྷ་དང། ཀླུའི་རྒྱལ་པོ་བདུད་དང། ཀླུའི་རྒྱལ་པོ་ཐིགས་པ་དང། ཀླུའི་རྒྱལ་པོ་ཉེ་ པའི་ཐིགས་པ་དང། ཀླུའི་རྒྱལ་པོ་བུང་བ་དང། ཀླུའི་རྒྱལ་པོ་དུས་ལས་བྱུང་བ་དང། ཀླུའི་རྒྱལ་པོ་སྟོབས་ཅན་དང། ཀླུའི་རྒྱལ་པོ་ཅུང་ཟད་ཅན་དང། ཀླུའི་རྒྱལ་པོ་ཅུང་ཟད་ པ་དང། ཀླུའི་རྒྱལ་པོ་ཙམ་པ་ཀ་དང། ཀླུའི་རྒྱལ་པོ་གོའུ་ཏ་མ་ནག་མོ་དང། ཀླུའི་རྒྱལ་པོ་ཡིད་བཟང་དང། ཀླུའི་རྒྱལ་པོ་མེ་དང། ཀླུའི་རྒྱལ་པོ་མིའི་རྩ་བ་དང། ཀླུའི་རྒྱལ་ [35A]༄༅། །པོ་མིའི་བླ་མ་དང། ཀླུའི་རྒྱལ་པོ་གླང་པོ་ཆེ་དང་ཀླུའི་རྒྱལ་པོ་མི་མ་ཡིན་པ་དང། ཀླུའི་རྒྱལ་པོ་གཟིངས་དང་ཀླུའི་རྒྱལ་པོ་མཆོག་དང། ཀླུའི་རྒྱལ་པོ་བ་ལུ་ ཀ་དང། ཀླུའི་རྒྱལ་པོ་ཨ་ལུ་ཀ་དང། ཀླུའི་རྒྱལ་པོ་ཧུ་ལུ་དང་ཀླུའི་རྒྱལ་པོ་ཨེ་ལ་ཅན་དང། ཀླུའི་རྒྱལ་པོ་ཨེ་ལའི་ལོ་མ་དང་ཀླུའི་རྒྱལ་པོ་འགྲོ་སྒྲ་དང། ཀླུའི་རྒྱལ་བོ་ འཆི་སྒྲ་དང། ཀླུའི་རྒྱལ་པོ་གཟི་ཅན་དང། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་དང། ཀླུའི་རྒྱལ་པོ་སེར་སྐྱ་དང། ཀླུའི་རྒྱལ་པོ་ཞི་བ་འཛིན་དང། ཀླུའི་རྒྱལ་པོ་མེ་ཏོག་ཨུཏྤ་ལ་དང་ ཀླུའི་རྒྱལ་པོ་སེན་མོ་ཅན་དང། ཀླུའི་རྒྱལ་པོ་འཕེལ་བ་དང་ཀླུའི་རྒྱལ་པོ་ཐར་བ་དང། ཀླུའི་རྒྱལ་པོ་བློ་ཅན་དང། ཀླུའི་རྒྱལ་པོ་རབ་ཐར་དང། ཀླུའི་རྒྱལ་པོ་ལ་བ་དང། ཀླུའི་ རྒྱལ་པོ་མགྱོགས་རབ་དང། ཀླུའི་རྒྱལ་པོ་ཨེ་ལ་དང། འདུས་པ་དག་དང། ཀླུའི་རྒྱལ་པོ་དགའ་བོ་དང། ཉེ་དགའ་བོ་དང། ཀླུའི་རྒྱལ་པོ་གསལ་བ་ཅན་དང། ཀླུའི་ རྒྱལ་བོ་བལྟ་མཛེས་ཆེན་པོ་དང། ཀླུའི་རྒྱལ་པོ་མཆོག་ལྡན་མ་དང། ཀླུའི་རྒྱལ་པོ་མཆོག་ལྡན་གྲོག་མ་དང། ཀླུའི་རྒྱལ་པོ་བཞིན་བཟང་དང། ཀླུའི་རྒྱལ་པོ་མེ་ལོང་ གདོང་ཅན་དང། ཀླུའི་རྒྱལ་པོ་སེངྒེ་འཛིན་དང། ཀླུའི་རྒྱལ་པོ་སེངྒེ་འཛིན་དང། ཀླུའི་རྒྱལ་པོ་འགྲོ་ལྡིང་དང། ཀླུའི་རྒྱལ་པོ་ནག་པོ་གཉིས་དང། ཀླུའི་རྒྱལ་པོ་དཀར་ [35B] ཀླུའི་རྒྱལ་པོ་ཉེ་དཀར་གཉིས་དང། ཀླུའི་རྒྱལ་པོ་དེ་དག་དང། གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་དུས་སུ་འབྲུག་སྒྲ་སྒྲོག་པ། དུས་དུས་སུ་ གློག་འབྱིན་པ། དུས་དུས་སུ་ཆར་འབེབས་པ། དུས་དུས་སུ་ལོ་ཏོག་སྒྲུབ་པ། སངས་རྒྱས་མཐོང་བ། བསླབ་པའི་གཞི་གཟུང་བ། གསུམ་ལ་སྐྱབས་སུ་དོང་བ། ནམ་མཁའ་ ལྡིང་གི་འཇིགས་པ་དང། མེ་དང་བྱེ་མའི་འཇིགས་པ་དང། རྒྱལ་པོའི་ལས་ཀྱི་འཇིགས་པ་ལས་ཐར་པ། ས་འཛིན་པ། རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་ན་གནས་པ། ཚེ་རིང་ བ་བསྐལ་བར་གནས་པ། དབང་ཆེ་བར་གྲགས་པ། རྫུ་འཕྲུལ་ཆེ་བ་ལོངས་སྤྱོད་ཆེ་བ། འཁོར་ཕལ་ཆེ་བ། དགྲའི་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་ དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་སྟེ། ཀླུའི་རྒྱལ་པོ་བུ་དང་བཅས་ པ༑ ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ་སྡེ་དཔོན་དང་བཅས་པ། ཕོ་ཉ་དང་བཅས་པ། མངག་པ་དང་བཅས་པ། གཡོག་དང་བཅས་པ། འཁོར་ དང་བཅས་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག། ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ [36A]༄༅། །གཙང་སྦྲ་མ་བྱས་པ་དང། གཙང་སྦྲ་བྱས་པ་དང་མྱོས་པ་དང། རབ་ཏུ་མྱོས་པ་དང། འགྲོ་བ་དང། འགྲེང་བ་དང་འདུག་པ་དང། ཉལ་བ་དང། མི་ ཉལ་བ་དང། འོངས་པ་དང། མ་འོངས་པ་དགེ་བར་གྱུར་ཅིག་རྒྱལ་པོའི་འཇིགས་པ་དང། ཆོམ་རྐུན་གྱི་འཇིགས་པ་དང། མེའི་འཇིགས་པ་དང། ཆུའི་འཇིགས་པ་དང་ མི་མཛའ་བའི་འཇིགས་པ་དང། གསོད་པའི་འཇིགས་པ་དང། ཕྱིར་རྒོལ་བ་དང། དགྲའི་འཇིགས་པ་དང། འཇོམས་པའི་འཇིགས་པ་དང། ཕ་རོལ་གྱི་དགྲའི་ཚོགས་ ཀྱི་འཇིགས་པ་དང། མུ་གེའི་འཇིགས་པ་དང། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང། ས་གཡོ་བའི་འཇིགས་པ་དང། གཅན་གཟན་ཁྲོ་བོའི་འཇིགས་པ་ལས་ བདག་བདེ་ལེགས་སུ་གྱུར་ཅིག། ལྷའི་འཇིགས་པ་དང། ཀླུའི་འཇིགས་པ་དང། ལྷ་མ་ཡིན་གྱི་འཇིགས་པ་དང། རླུང་ལྷའི་འཇིགས་པ་དང་ནམ་མཁའ་ལྡིང་གི་ འཇིགས་པ་དང། དྲི་ཟའི་འཇིགས་པ་དང། མི་འམ་ཅིའི་འཇིགས་པ་དང་ལྟོ་འཕྱེ་ཆེན་པོའི་འཇིགས་པ་དང། གནོད་སྦྱིན་གྱི་འཇིགས་པ་དང་སྲིན་པོའི་འཇིགས་ པ་དང། ཡི་དྭགས་ཀྱི་འཇིགས་པ་དང། ཤ་ཟའི་འཇིགས་པ་དང་འབྱུང་པོའི་འཇིགས་པ་དང། གྲུལ་བུམ་གྱི་འཇིགས་པ་དང། སྲུལ་པོའི་འཇིགས་པ་དང། ལུས་ [36B] སྐེམ་བྱེད་ཀྱི་འཇིགས་པ་དང། སྨྱོ་བྱེད་ཀྱི་འཇིགས་པ་དང། གྲིབ་གནོན་གྱི་འཇིགས་པ་དང། བརྗེད་བྱེད་ཀྱི་འཇིགས་པ་དང། གནོན་པོའི་འཇིགས་ པ་ལས་བདག་བདེ་ལེགས་སུ་གྱུར་ཅིག། གཤེད་བྱེད་དང། སྒྱུར་བའི་ལས་དང། བྱད་དང་གཡེང་བྱེད་དང། རོ་ལངས་དང། སེམས་སྒྱུར་བ་དང། རྦོད་གཏོང་དང། བཟའ་ ཉེས་དང། སྐྱུག་ཉེས་དང། གནོད་སྒྲིབ་དང། གནོད་བལྟས་དང། བྲི་ཉེས་དང། སྒོམ་ཉེས་དང། སྨད་པའི་འཇིགས་པ་ལས་བདག་བདེ་ལེགས་སུ་གྱུར་ཅིག། ཤུ་བ་དང་ གཡའ་བ་དང། མཛེ་དང། འབྲུམ་བུ་ཕྲ་མོ་དང། ཕོལ་མིག་དང་གཡན་པ་དང། མེ་དབལ་དང། ལྷོག་པའི་འཇིགས་པ་ལས་བདག་བདེ་ལེགས་སུ་གྱུར་ཅིག་མཚན་མོ་ བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་གི་བདེ་ལེགས་དང། །ཉིན་མཚན་ཀུན་གྱི་བདེ་ལེགས་དག་སངས་རྒྱས་ཀུན་གྱིས་བདག་ལ་སྩོལ་།སངས་རྒྱས་ཕྱག་འཚལ་ བྱང་ཆུབ་ཕྱག་འཚལ་ལོ། །གྲོལ་གྱུར་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །ཞི་གྱུར་ཕྱག་འཚལ་ཞི་ལ་ཕྱག་འཚལ་ལོ། །རྣམ་གྲོལ་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། ། བྲམ་ཟེ་གང་དག་སྡིག་པའི་ཆོས་རྣམས་བསལ་བར་གྱུར་པ་དེ་དག་ལ་ཡང་ཕྱག་འཚལ་ལོ། །དེ་དག་གིས་ཀྱང་བདག་ལ་སྲུང་བ་དང་བསྐྱབ་པ་གྱིས་ཤིག་སཱཧཱ། ཀུན་དགའ་ [37A]༄༅། །བོ༑ རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་གསུངས་པའོ་།ཏདྱ་ཐཱ། ཨ་ར་ཌེ། ཀ་ར་ ཌེ༑ མ་དེ། མ་ད་བརྡྷ་ནི། ཨ་བ་རེ་ཤ་བ་རེ། ཏུ་རེ་ཏུ་རེ། ཙུ་རེ་ཙུ་རེ། ཤ་བ་རེ། པརྞ་ཤ་བ་རེ། ཧུ་ཙི་ཧུ་ཙི་མུ་ཙི་མུ་ཙི་སཱཧཱ། ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་ མོ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱིས་གསུངས་པའོ། །ཏདྱ་ཐཱ། ཨིཊྚི། མིཊྚི། ཁུ་རེ་བི་ཁུ་རེ། ཧི་ལི་ཧི་ལི། མི་ལི་མི་ལི། ཀེ་ཏུ་མའུ་ལེ། ཨམྦ་ རཱེ༑ བ་ཏི། དུཾ་བེ། དོ་དུཾ་བེ། ཧི་ལི་ཧི་ལི། ཀུ་ཙི་ཀུ་ཙི། མུ་ཙི་མུ་ཙི་སཱཧཱ། ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ ཐམས་ཅད་སྐྱོབ་ཀྱིས་གསུངས་པའོ། །ཏདྱ་ཐཱ། མོ་རི་མོ་རི། ཀེ་བཊྚི། མཎྜི་མཎྜི་ཏི་ཀེ། ཧ་རེ་ཧ་རེ། གྷ་རེ་གྷ་རེ། ཁ་རེ་ཁ་རེ། ཧི་ལི་ཧི་ལི་ནི་ཧ་ལ་ཧ་ལ་ནི། ཕ་ལེ། ཕ་ལི་ནི། དཱནྟེ་ དནྟི་ནི། དནྟི་ལི། ཤ་ཀ་ཏི། མ་ཀ་ཊི། མ་ཀ་ཊི། ན་ཌེ། ན་ཌི་ནི། ཤི་རི་ཤི་རི་ཤི་རི་ཤི་རི་ཤི་རི་ཤི་རི་སཱཧཱ། ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་གསུངས་པའོ། །ཏདྱ་ཐཱ། ཧི་ཌི་ཧི་ཌི། མི་ཌི་མི་ཌི། ཀུ་ཌི་ཀུ་ཌི། མུ་ཌི་མུ་ཌི། ཏུ་ཌི་ཏུ་ཌི། ཨ་ཌི་ཨ་ཌི། དཎྟེ་ [37B] ཤ་ཀ་རི། ཙ་ཀ་རི། བ་ག་རི། བྷ་ག་རི། ཐ་ག་རི། ཏ་ག་རི། ཀཱཉྩ་ནེ། ཀཱཉྩ་ནཱ་བ་ཏི། ཙ་རེ་ཙ་རེ་ཙ་རེ་ཙ་རེ། བ་རེ་བ་རེ། བ་རེ་བ་རེ། དནྟི་སིདྡྷི་སཱཧཱ། ཀུན་དགའ་བོ། རིག་ སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱིས་གསུངས་པའོ། །ཏདྱ་ཐཱ། ཏ་ཏ་ལེ་ཏ་ཏ་ལེ། ཏ་ཏ་ལེ། ཏ་ཏ་ལེ། ཏ་ཏ་ལེ། ཏ་ལ་ཏེ་ཏ་ ལ་ཏེ༑ བ་ལེ། བའི་རེ་བི་ཛ་རེ། བཛིཛུ་དྷ་རེ། ཨ་ར་ཛེ། བི་ར་ཛེ། བི་ར་ཛཱ། མི་ས། མ་ཏི་མ་ཏི། མཱ་ལི་མཱ་ལི་ནི། མུཎྡི་ཤཱ་མུཎྡི་ཛྭ་ལེ་ཛྭ་ལེ། ཛྭ་ལེ་ཛྭ་ལེ། བྷ་དྲ་བ་ཏི། བྷ་དྲ་བ་ཏི། སིདྡྷི་སཱཧཱ་ ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གསུངས་པའོ། །ཏདྱ་ཐཱ། ཨཎྜ་རེ། ཀཎྜ་རེ། མཎྜ་རེ། ཁཎྜ་རེ་ ཛམྦུ་ཛམྦུ་ན་ད། ཛམྦུ་བ་ཏི། མཏྟེ། མཎྜི་ཏི་ཀེ། ཨ་མ་རེ་སིདྡྷི། ཧ་ར་ཧ་ར་ཧ་ར་ཧ་ར། པ་ཤུ་པ་ཤུ་པ་ཤུ་པ་ཤུ་པ་ཤུ་པ་ཏི་སིདྡྷི་སཱཧཱ། ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་ བྱ་ཆེན་མོ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ངས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ད་ལྟར་བཤད་པའོ། །ཏདྱ་ཐཱ། ཧི་ལི་ཧི་ལི། ཀི་ལི་ཀི་ ལི༑ ཨི་ལི་ལེ། ཀ་ཏ་ལེ། ཀེ་དའུ་མའུ་ལེ། ཨ་ཌ་མ་ལི། མ་ཊ་མ་ལི་ཨ་ཊ་མ་ལི། ཨན་ཊི། ཌཔྤེ། ཌཕྤེ། ཌ་ཌཕྥེ། ཨེ་ཀ་བ་ཧུ་ཨ་ན་བཧི་ཊ་ཊ་བ་བྷ་རུ་རུ་པ་ཀ་རུ་པ། པུ་ས་ར་ཀེ་བུ་ས་ཊེ་ [38A]༄༅། །ན་ར་ཀནྟེ། ཀ་མི་ཎི། ཀམྦུ། ཀཱ་མ་རུ་བ་ནི། ཀི་ཧི་ལི་ཙེ་ཙེ་ལེ་ཀེ། ཀཾ་བུ་ད་ར་ཀི། ཏ་རུ་ད་ར་ཀི། ཏ་རུ་ཏ་རུ། བ་རུ་ཎི། ཙ་རུ་ཏ་རུ་ཎི། ཏ་རུ་ཎི་ཏ་རུ་ཎེ་ བ་ཏི་ཛཾ་བ་ལེ་བཱ་ས་ར་ཎི། བྷ་རནྟ་རཊྚེ་བ་ར་ནཾ། ད་ར་ཀི་རུ་རུ་ཏ་ར། བ་ར་ཎི་བློ་ག་བྷ་ར་ཎི། པྲ་ཀྲི་ཏི། དཾཥྚེ་མི་ལི་ཏ་ལེ། ཧི་ཏི་ཧཱ་སེ། ཨ་བ་ལེ། ཏུ་བ་ལེ། བི་ལཾ་ཀེ་བ་ལི་ ཀེ༑ བཊྚི་བཊྚི་ཏི་ཀེ། ཨ་ཌནྟུ་བེ། བ་ཏི་ཏུཾ་མེ། ཕྱོགས་བཅུ་ཀུན་ཏུ་ལྷས་ཆར་ཕོབས་ཤིག་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ས་ལ་དགའ་བས་ཆུ་དབབ་ཏུ་གསོལ།། བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཨི་རི་ཛ་ཡ། གོ་དོ་ཧི་ཀཱ་ཡེ་བཧྲི་ག་རི་ཀཱ་ཡེ། ཨ་རུ་ཙི། ན་རུ་ཙི། ཨ་རུ་ཙི། ཨ་རུ་ཛེ། ན་ར་ཛེ། ཨཊྚེ། ནཊྚེ། ནཊྚེ། ནཊྚེ། བཛྲེ་བཛྲེ་ ནཊྚེ། ཨུ་པ་ལ་ན་པྲི་ཡེ། ཨ་ལེ་ཏཱ་ལེ། ཀུཾ་ལ་ཏཱ་ལེ། ནཱ་ར་ཡཱ་ཎི། པཱ་རཱ་ཡ་ཎི། པ་ཤྱ་ནི་པ་ཤྱ་སྤར་ཤ་ནི་སཱཧཱ་འགྲོ་ལྡིང་བའི་གསང་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ ཅིག་སཱཧཱ། ཇི་ལྟར་དེ་བཞིན་གཤེགས་པ་ངས་བསྟན་ཅིང་རྗེས་སུ་ཡི་རང་ནས་དགེ་སློང་ཀུན་དགའ་བོས་དགེ་སློང་ས་རི་ལ་བདེ་ལེགས་སུ་འགྱུར་བར་བྱས་པ་དེ་ བཞིན་དུ་བདག་ལ་སྲུང་བ་གྱིས་ཤིག། སྦ་བ་དང། ཡོངས་སུ་བསྐྱབ་པ་དང། ཡོངས་སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བ་ [38B] ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་བ་དང། དུག་གསད་པ་དང། མཚམས་གཅད་པ་དང། ས་བཅིང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་ སྟོན་བརྒྱ་མཐོང་བར་ཤོག་ཅིག། ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། བྱང་ཆུབ་སེམས་དཔའ་བྱམས་པས་བཤད་ཅིང་རྗེས་སུ་ཡི་རང་བའོ། །ཏདྱ་ ཐཱ༑ ཤི་རི་ཤི་རི་ཤི་རི། བྷ་དྲེ། ཛྱོ་ཏི་ཛྱོ་ཏི། ཛྱོ་ཏི་བྷ་དྲེ། ཧ་རེ་ཧ་རེ་ཧ་རེ། ཧཱ་རི་ཎི། དནྟི་ཤ་བ་རེ། ཤི་བེ། ཤཱུ་ལ་པཱ་ཎི་ནི། བོ་དཧི་བོ་དཧི། བོ་དཧི་བོ་དཧི། སཏ་བོ་དཧི། བ་རི་ཙཱ་ཎི་ཡེ་སཱཧཱ་ ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་ཤིང་རྗེས་སུ་ཡི་རང་བའོ་།ཏདྱ་ཐཱ། ཧི་ལི་ཧི་ལི། མི་ལི་མི་ལི། མཱ་ལི་ ནི༑ ཙ་ཀ་རི། ཀི་རི་ཀི་རི་ཀི་རི། ཀི་རི་ཀི་རི་ཀི་རི། ཀི་ར་ཡེ་བྲཧྨ་ཡེ། རཏྣ་ཀ་རཎྜ་ཀེ་བི་ཌོ་ཧུ་ཕུས་སེ། དྷ་ར་དྷ་ར། ས་ར་ས་ར། ཧ་ར་ཧ་ར། ཧ་ལ་ཧ་ལ། ཕུ་རུ་ཕུ་རུ། ཕུ་རུ་ཕུ་རུ་ཕུ་རུ་ སཱཧཱ༑ དུག་བཅོམ་མོ། །དུག་ངེས་པར་བཅོམ་མོ། །སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོམ་མོ། །རང་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །དགྲ་ བཅོམ་པའི་གཟི་བརྗིད་ཀྱིས་དུབ་བཅོམ་མོ། །ཕྱིར་མི་འོང་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ལན་གཅིག་ཕྱིར་འོང་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །རྒྱུན་དུ་ཞུགས་ [39A]༄༅། །པའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །བདེན་པར་སྨྲ་བའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ཚངས་པའི་མེ་དབལ་གྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །དབང་ པོའི་རྡོ་རྗེའི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ཁྱབ་འཇུག་གི་འཁོར་ལོས་དུག་བཅོམ་མོ། །གཤིན་རྗེའི་བེ་ཅོན་གྱིས་དུག་བཅོམ་མོ། །ཆུ་ལྷའི་ཞགས་པས་དུག་བཅོམ་མོ། ། ལྷ་མ་ཡིན་གྱི་རྒྱུས་དུག་བཅོམ་མོ། །ཀླུའི་རིག་སྔགས་ཀྱིས་དུག་བཅོམ་མོ། །དྲག་པོའི་མདུང་རྩེས་དུག་བཅོམ་མོ། །སྐེམ་བྱེད་ཀྱི་མདུང་ཐུང་གིས་དུག་བཅོམ་མོ། །རིག་ སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་དུག་བཅོམ་མོ། །དུག་ངེས་པར་བཅོམ་མོ། །དུག་སའི་ནང་དུ་སོང་ཞིག་བདག་དུག་ཐམས་ཅད་དང་བེའུ་ལྟ་བུའི་དུག་དང། ཧ་ལ་ཧ་ ལའི་དུག་དང། ནག་པོ་བརྩེགས་པའི་དུག་དང། མཆེ་བའི་དུག་དང་རྩ་བའི་དུག་དང། ཁ་ཟས་ཀྱི་དུག་དང། ཕྱེ་མའི་དུག་དང། ལྟ་བའི་དུག་དང། གློག་གི་དུག་དང། སྤྲིན་ གྱི་དུག་དང། སྦྲུལ་དང། བྱི་བ་དང། སྲིན་བུ་ཀི་ཏ་དང། ལུ་ཏ་དང། ཀ་ན་བྷ་བ་དང། སྦལ་པ་དང། སྦྲང་བུ་དང། བུང་བ་དང། བ་ཏ་རི་དང། ཏྲེ་མ་པུ་ག་དང། ཏྲཻ་ལ་ཏའི་ དུག་དང། མིའི་དུག་དང། སྡིག་པའི་དུག་དང། མི་མ་ཡིན་པའི་དུག་དང། དོགས་པའི་དུག་དང། སྨན་གྱི་དུག་དང། རིག་སྔགས་ཀྱི་དུག་ལས་བདེ་ལེགས་སུ་གྱུར་ཅིག་ [39B]ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྨྲས་ཤིང་རྗེས་སུ་ཡི་ རང་བའོ། །ཏདྱ་ཐཱ། ཛཱ་ལ་ཛཱ་ལནྟུ་ལེ། མཱ་ལ་ཛནྟུ་ལེ། ཙ་པི་ཊི། ཛནྟུ་ལེ། མ་ཐ་ནི། གཱ་ཏ་ནི་གྲ་ས་ནི། ཧ་རི་ཤི་རི། དཡུ་ཏི་ཤི་རི། ཏ་རུ་ཏ་རུ། ཎ་བ་ཏི། ཧ་ཧ་ཧ་ཧ་ཧ་སིང་ཧེ། དཧི་ཏི། དཧི་ཏི་ བི་བེ་ཏི་མ་ཏི། ཀུ་རུ་ཀུ་རུ་སེ། བ་རུ་བ་རུ་སེ་དྷ་ར་སེ་རེ་བཛྲ། ཏུ་ཊ་ཏུ་ཊ་སེ། བ་ཊ་བ་ཊ་སེ། སི་ལི་སི་ལི་ཀ་པི་ལེ། ཀ་པི་ལ་མུ་ལེ། ཧཱ་ཧཱི་ཧཱུ། སྡང་བ་དང། རབ་ཏུ་སྡང་བ་ཐམས་ཅད་རབ་ ཏུ་རྨུགས་པར་བྱའོ། །ལག་པ་དང། རྐང་པ་དང། ཡན་ལག་དང་ཉིང་ལག་དང། སུམ་ཅུ་པའི་ལྷ་དང་བཅས་ཏེ་ཆད་པས་གཅད་པར་བྱའོ། །ཨུཥྚི་གི་ནི། སུ་ར་པ་ཏི། བརྟི་བཛྲ་བཛྲ་ བཛྲ་བཛྲ་བཛྲ་པ་ཏ་ཡེ་སཱཧཱ། ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། རྒྱལ་པོ་ཆེན་པོ་བཞིས་སྨྲས་ཤིང་རྗེས་སུ་ཡི་རང་བའོ། །ཏདྱ་ཐཱ། ཛྭ་ལ་ཛྭ་ལ་ན་ ཏ་པ་ཏ་པ་ན། མ་ཐ་མ་ཐ་ན། དྷ་མ་དྷ་མ་ན། ས་ར་ས་ར་ཎ། ཀི་ཊི་ཀི་ཊི། ཀུ་ཊི་ཀུ་ཊི། མུ་ཊི་མུ་ཊི། མི་ཊི་མི་ཊི། པི་ཊི་པི་ཊི། ས་ར་ས་ར། མ་ར་མ་ར། ཧ་ར་ཧ་ར། ཏ་ར་ཏ་ར། ཏི་རི་ཏི་ རི༑ ཊཱ་ཊཱ་ཊཱ་ཊཱ་ཊཱ། དཱ་དཱ་དཱ་དཱ་དཱ། བཱ་བཱ་བཱ་བཱ་བཱ། ཧ་ལ་ཧ་ལ་ཧ་ལ་ཧ་ལ་ཧ་ལ། སིདྡྷི། སིདྡྷི། སིདྡྷི་སིདྡྷི། སིདྡྷི། སསྟི། སསྟི། སསྟི། སསྟི། སསྟི། རྦོད་གཏོང་དང། གཤིན་ [40A]༄༅། །རྗེའི་ཕོ་ཉ་དང། མཚན་མོ་ནག་མོ་དང། དུས་ཀྱི་ཞགས་པ་དང། འཆི་བདག་གི་ཆད་པ་དང། ཚངས་པའི་ཆད་པ་དང་དབང་པོའི་ཆད་པ་དང། དྲང་ སྲོང་གི་ཆད་པ་དང། ལྷའི་ཆད་པ་དང། ཀླུའི་ཆད་པ་དང་ལྷ་མ་ཡིན་གྱི་ཆད་པ་དང། རླུང་ལྷའི་ཆད་པ་དང། ནམ་མཁའ་ལྡིང་གི་ཆད་པ་དང། དྲི་ཟའི་ཆད་པ་དང། མི་ འམ་ཅིའི་ཆད་པ་དང། ལྟོ་འཕྱེ་ཆེན་པོའི་ཆད་པ་དང། གནོད་སྦྱིན་གྱི་ཆད་པ་དང། སྲིན་པོའི་ཆད་པ་དང། ཡི་དྭགས་ཀྱི་ཆད་པ་དང། ཤ་ཟའི་ཆད་པ་དང། འབྱུང་པོའི་ ཆད་པ་དང། གྲུལ་བུམ་གྱི་ཆད་པ་དང། སྲུལ་པོའི་ཆད་པ་དང་ལུས་སྲུལ་པོའི་ཆད་བ་དང། སྐེམ་བྱེད་ཀྱི་ཆད་པ་དང། སྨྱོ་བྱེད་ཀྱི་ཆད་པ་དང། གྲིབ་གནོན་གྱི་ཆད་པ་ དང། བརྗེད་བྱེད་ཀྱི་ཆད་པ་དང། གནོན་པོའི་ཆད་པ་དང། རོ་ལངས་ཀྱི་ཆད་པ་དང། རྒྱལ་པོའི་ཆད་པ་དང། ཆོམ་རྐུན་གྱི་ཆད་པ་དང། མེའི་ཆད་པ་དང། ཆུའི་ཆད་པ་ དང། ཆད་པ་ཐམས་ཅད་ལས་བདག་ལ་སྲུང་བ་གྱིས་ཤིག། ལོ་བརྒྱ་འཚོ་བར་གྱུར་ཅིག། སྟོན་བརྒྱ་མཐོང་བར་ཤོག་ཅིག། ཀུན་དགའ་བོ་ཁྱོད་ཀྱིས་ཀླུང་གི་རྒྱལ་ པོ་རྣམས་ཀྱི་མིང་ཟུངས་ཤིག། འདི་ལྟ་སྟེ། ཀླུང་གི་རྒྱལ་པོ་གངྒཱ་དང། ཀླུང་གི་རྒྱལ་པོ་སིནྡྷུ་དང། ཀླུང་གི་རྒྱལ་པོ་པཀྵུ་དང། ཀླུང་གི་རྒྱལ་པོ་སི་ཏཱ་དང། ཀླུང་གི་རྒྱལ་ [40B] ཀླུང་གི་རྒྱལ་པོ་ཁྱིམ་ལྡན་དང་ཀླུང་གི་རྒྱལ་པོ་གཤིན་རྗེ་སེལ་དང། ཀླུང་གི་རྒྱལ་པོ་གྱ་གྱུར་དང། ཀླུང་གི་རྒྱལ་པོ་རྒྱས་འབབ་དང། ཀླུང་གི་རྒྱལ་པོ་ ཞགས་བྲལ་དང། ཀླུང་གི་རྒྱལ་པོ་ཞི་བ་འཛིན་དང། ཀླུང་གི་རྒྱལ་པོ་ས་ལྡན་དང། ཀླུང་གི་རྒྱལ་པོ་ཟླ་བའི་ཆ་དང། ཀླུང་གི་རྒྱལ་པོ་དབྱངས་ཅན་དང། ཀླུང་གི་རྒྱལ་པོ་རུས་སྦལ་ ཅན་དང། ཀླུང་གི་རྒྱལ་པོ་ཆུ་དྲོན་ཅན་དང། ཀླུང་གི་རྒྱལ་པོ་ཆུ་མཆོག་ཅན་དང། ཀླུང་གི་རྒྱལ་པོ་ཟངས་འདབ་དང། ཀླུང་གི་རྒྱལ་པོ་སྦྲང་རྩི་ཅན་དང། ཀླུང་གི་རྒྱལ་པོ་སྦ་ ལྡན་དང། ཀླུང་གི་རྒྱལ་པོ་བུ་རམ་ཤིང་དང། ཀླུང་གི་རྒྱལ་པོ་བ་གླང་ལྡན་དང། ཀླུང་གི་རྒྱལ་པོ་འཕགས་པ་ཅན་དང། ཀླུང་གི་རྒྱལ་པོ་རྩེ་སྦྱིན་དང། ཀླུང་གི་རྒྱལ་པོ་མཛའ་ བཟང་དང། ཀླུང་གི་རྒྱལ་པོ་ཀུན་གྱི་བཤེས་དང། ཀླུང་གི་རྒྱལ་པོ་འཆི་མེད་དང། ཀླུང་གི་རྒྱལ་པོ་མེ་ཏོག་པདྨ་དང། ཀླུང་གི་རྒྱལ་པོ་ལྔ་ལེན་དང། ཀླུང་གི་རྒྱལ་པོ་དངོས་ བཟང་དང། ཀླུང་གི་རྒྱལ་པོ་རབ་བཟང་དང། ཀླུང་གི་རྒྱལ་པོ་དཀའ་ཐུབ་སྦྱིན་དང། ཀླུང་གི་རྒྱལ་པོ་དྲི་བྲལ་དང། ཀླུང་གི་རྒྱལ་པོ་སྐྱོན་བྲལ་དང། ཀླུང་གི་རྒྱལ་པོ་ཀླུང་ ཆེན་དང། ཀླུང་གི་རྒྱལ་པོ་གསེར་ལྡན་དང། ཀླུང་གི་རྒྱལ་པོ་བ་ལང་སྦྱིན་མཆོག་དང། ཀླུང་གི་རྒྱལ་པོ་གསང་སྲུང་དང། ཀླུང་གི་རྒྱལ་པོ་བ་ལང་ཅན་དང། དེ་དག་ [41A]༄༅། །དང། གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་འབབ་པའི་ཆུ་ཀླུང་དེ་དག་ཐམས་ཅད་ལ་གང་དག་རྒྱུན་དུ་གནས་པ་དང། གཟུགས་ཐ་དད་པ། གཟུགས་ མི་སྡུག་པ། གཟུགས་མང་བ། གཟུགས་མཐའ་ཡས་པ། འདོད་རྒུར་སྒྱུར་བའི་གཟུགས་ཅན་དང། གཟུགས་སྣ་ཚོགས་པའི་ལྷ་རྣམས་དང། ཀླུ་རྣམས་དང། ལྷ་མ་ཡིན་ རྣམས་དང། རླུང་ལྷ་རྣམས་དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། ལྟོ་འཕྱེ་ཆེན་པོ་རྣམས་དང། མི་འམ་ཅི་རྣམས་དང། གནོད་སྦྱིན་རྣམས་དང་སྲིན་ པོ་རྣམས་དང། ཡི་དྭགས་རྣམས་དང། ཤ་ཟ་རྣམས་དང། འབྱུང་པོ་རྣམས་དང། གྲུལ་བུམ་རྣམས་དང། སྲུལ་པོ་རྣམས་དང། ལུས་སྲུལ་པོ་རྣམས་དང། སྐེམ་བྱེད་ རྣམས་དང། སྨྱོ་བྱེད་རྣམས་དང། གྲིབ་གནོན་རྣམས་དང། བརྗེད་བྱེད་རྣམས་དང། གནོན་པོ་རྣམས་དང། ཟས་སུ་མདངས་ཟ་བ་རྣམས་དང། ཟས་སུ་མངལ་ཟ་བ་རྣམས་ དང། ཟས་སུ་ཁྲག་འཐུང་བ་རྣམས་དང། ཟས་སུ་ཤ་ཟ་བ་རྣམས་དང། ཟས་སུ་ཚིལ་ཟ་བ་རྣམས་དང། ཟས་སུ་ཞག་ཟ་བ་རྣམས་དང་ཟས་སུ་རྐང་ཟ་བ་རྣམས་དང། ཟས་ སུ་བཙས་པ་ཟ་བ་རྣམས་དང། ཟས་སུ་སྲོག་འཕྲོག་པ་རྣམས་དང་ཟས་སུ་གཏོར་མ་ཟ་བ་རྣམས་དང། ཟས་སུ་ཕྲེང་བ་ཟ་བ་རྣམས་དང། ཟས་སུ་འབྲས་བུ་ཟ་བ་རྣམས་ [41B] ཟས་སུ་མེ་ཏོག་ཟ་བ་རྣམས་དང། ཟས་སུ་དྲི་ཟ་བ་རྣམས་དང། ཟས་སུ་བདུག་པ་ཟ་བ་རྣམས་དང། ཟས་སུ་ལོ་ཏོག་ཟ་བ་རྣམས་དང། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང། ཟས་ སུ་རྣག་འཐུང་བ་རྣམས་དང། ཟས་སུ་ཕྱི་ས་ཟ་བ་རྣམས་དང་ཟས་སུ་གཅིན་འཐུང་བ་རྣམས་དང། ཟས་སུ་མཆིལ་མ་ཟ་བ་རྣམས་དང། ཟས་སུ་ངར་སྣབས་ཟ་བ་རྣམས་ དང། ཟས་སུ་སྣབས་ཟ་བ་རྣམས་དང། ཟས་སུ་ལྷག་མ་ཟ་བ་རྣམས་དང། ཟས་སུ་སྐྱུག་པ་ཟ་བ་རྣམས་དང། ཟས་སུ་མི་གཙང་བ་ཟ་བ་རྣམས་དང། ཟས་སུ་སྟོར་ཁུང་ནས་འབབ་ པ་འཐུང་བ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བར་གྱིས་ཤིག། ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཀུན་དགའ་བོ་ཁྱོད་ ཀྱི་རིའི་རྒྱལ་པོ་རྣམས་ཀྱིས་མིང་ཟུངས་ཤིག་འདི་ལྟ་སྟེ། རིའི་རྒྱལ་པོ་རི་རབ་དང། རིའི་རྒྱལ་པོ་གངས་ཅན་དང། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡན་དང། རིའི་རྒྱལ་པོ་རྩེ་བརྒྱ་ པ་དང། རིའི་རྒྱལ་པོ་སེང་ལྡེང་ཅན་དང། རིའི་རྒྱལ་པོ་གསེར་ལོགས་དང། རིའི་རྒྱལ་པོ་འོད་འཛིན་དང། རིའི་རྒྱལ་པོ་མུ་ཁྱུད་འཛིན་དང། རིའི་རྒྱལ་པོ་ཁོར་ཡུག་ དང། རིའི་རྒྱལ་པོ་ཁོར་ཡུག་ཆེན་པོ་དང། རིའི་རྒྱལ་པོ་དབང་པོའི་བྲག་དང། རིའི་རྒྱལ་པོ་ཚངས་པ་ལྡན་དང། རིའི་རྒྱལ་པོ་དཔལ་ལྡན་དང། རིའི་རྒྱལ་པོ་བལྟ་ན་སྡུག་དང། རིའི་ [42A]༄༅། །རྒྱལ་པོ་ཤིན་ཏུ་རྒྱས་དང། རིའི་རྒྱལ་པོ་རིན་ཆེན་འབྱུང་གནས་དང། རིའི་རྒྱལ་པོ་སྲིན་བུ་ཅན་དང། རིའི་རྒྱལ་པོ་ནོར་བུ་རྫ་དང། རེའི་རྒྱལ་པོ་ཐགས་ བཟང་རིས་དང། རིའི་རྒྱལ་པོ་རྡོ་རྗེ་འབྱུང་གནས་དང། རིའི་རྒྱལ་པོ་འགྲམ་པ་ལྡན་དང། རིའི་རྒྱལ་པོ་ལྷ་མིན་འབབ་དང་རིའི་རྒྱལ་པོ་གློག་འོད་དང། རིའི་རྒྱལ་པོ་ཁྱབ་གནས་ དང། རིའི་རྒྱལ་པོ་ཟླ་འོད་དང། རིའི་རྒྱལ་པོ་བྲག་བཟང་དང་རིའི་རྒྱལ་པོ་ཉི་མ་མཛེས་དང། རིའི་རྒྱལ་པོ་ཐིགས་པ་དང་རིའི་རྒྱལ་པོ་འབིགས་བྱེད་དང། རིའི་ རྒྱལ་པོ་ཟླ་བའི་བྲག་དང། རིའི་རྒྱལ་པོ་སྣ་ཚོགས་བརྩེགས་དང། རིའི་རྒྱལ་པོ་མ་ལ་ཡ་དང། རིའི་རྒྱལ་པོ་གསེར་གྱི་རྩེ་མོ་དང། རིའི་རྒྱལ་པོ་ཀུན་ནས་འགྲོ་དང། རིའི་ རྒྱལ་པོ་ལག་བཟང་དང། རིའི་རྒྱལ་པོ་ནོར་བུ་ལྡན་དང། རིའི་རྒྱལ་པོ་སྡེ་བཟང་དང། རིའི་རྒྱལ་པོ་ཚངས་པའི་ཆུ་དང། རིའི་རྒྱལ་པོ་རིག་བྱེད་སྲུང་དང། རིའི་རྒྱལ་པོ་བ་ ལང་རྣ་དང། རིའི་རྒྱལ་པོ་སྣ་ཚོགས་ཕྲེང་དང། རིའི་རྒྱལ་པོ་མི་འཇིགས་སྣ་ཚོགས་དང། རིའི་རྒྱལ་པོ་རལ་གྲི་དང། རིའི་རྒྱལ་པོ་གདུང་བ་དང། རིའི་རྒྱལ་པོ་མིག་ བསྐུ་དང། རིའི་རྒྱལ་པོ་མུཉྫ་དང། རིའི་རྒྱལ་པོ་རི་དྭགས་ཅན་དང། རིའི་རྒྱལ་པོ་འཇོམས་བྱེད་དང། རིའི་རྒྱལ་པོ་ཏི་སེ་དང་རིའི་རྒྱལ་པོ་མི་མཇེད་དང། རིའི་རྒྱལ་ [42B] རིའི་རྒྱལ་པོ་ཙནྡན་ཕྲེང་དང། རིའི་རྒྱལ་པོ་སྟོབས་འཛིན་དང། རིའི་རྒྱལ་པོ་དབང་ཆེན་དང། རིའི་རྒྱལ་པོ་དུས་བྲི་བྱེད་དང། རིའི་རྒྱལ་པོ་སྐེམ་རི་དང། རིའི་ རྒྱལ་པོ་བ་ལང་སྲུང་དང། རིའི་རྒྱལ་པོ་བྱ་རོག་སྒྲ་ཅན་དང་རིའི་རྒྱལ་པོ་བསྟན་པ་འཛིན་དང། སའི་དཀྱིལ་འཁོར་འདི་ན་རིའི་རྒྱལ་པོ་འདི་དག་དང། གཞན་དག་ཀྱང་ཡོད་ པ་དེ་ལ་ལྷ་རྣམས་དང། ཀླུ་རྣམས་དང། ལྷ་མ་ཡིན་རྣམས་དང་རླུང་ལྷ་རྣམས་དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། མི་འམ་ཅི་རྣམས་དང། ལྟོ་འཕྱེ་ཆེན་ པོ་རྣམས་དང། གནོད་སྦྱིན་རྣམས་དང། སྲིན་པོ་རྣམས་དང། ཡི་དྭགས་རྣམས་དང། ཤ་ཟ་རྣམས་དང། འབྱུང་པོ་རྣམས་དང། གྲུལ་བུམ་རྣམས་དང། སྲུལ་པོ་རྣམས་དང་ ལུས་སྲུལ་པོ་རྣམས་དང། སྐེམ་བྱེད་རྣམས་དང། སྨྱོ་བྱེད་རྣམས་དང། གྲིབ་གནོན་རྣམས་དང། བརྗེད་བྱེད་རྣམས་དང། གནོན་པོ་རྣམས་དང། རིག་སྔགས་འཆང་གྲུབ་ པ་རྣམས་དང། རྒྱལ་པོ་འཁོར་དང་བཅས་པ་གང་དག་རྒྱུན་དུ་གནས་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་ འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་སྡིག་པ་ཐམས་ཅད་སོལ་ཅིག་དགེ་བ་རྣམས་སྣང་བར་གྱུར་ཅིག་མི་དགེ་བ་སོལ་ཅིག་།དོན་རྣམས་ལ་སྣང་ [43A]༄༅། །བར་གྱིས་ཤིག་གནོད་པ་རྣམས་སོལ་ཅིག་མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་གི་བདེ་ལེགས་དང། །ཉིན་མཚན་ཀུན་གྱི་བདེ་ ལེགས་དག་སངས་རྒྱས་ཀུན་གྱིས་བདག་ལ་སྩོལ་སཱཧཱ། ཀུན་དགའ་བོ། ཁྱོད་ཀྱིས་རྒྱུ་སྐར་གང་དག་ནམ་མཁའ་ལ་རྒྱུ་ཞིང་སྣང་བར་བྱེད་པ་རྣམས་ཀྱི་མིང་ཟུངས་ཤིག་ འདི་ལྟ་སྟེ། སྨིན་དྲུག་དང་ནི་སྣར་མ་དང། །མགོ་དང་ལག་དང་སྣབས་སོ་དང། །རྒྱལ་ནི་བཀྲ་ཤིས་ཕུན་སུམ་ཚོགས། །དེ་བཞིན་སྐག་སྟེ་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་ བདུན་པོ་འདི་དག་ནི། ཤར་གྱི་སྒོ་ན་གནས་པ་དག་སྟེ། གང་དག་ཤར་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་མཆུ་ནི་མི་མཛའ་འཇོམས་པ་དང། །དེ་བཞིན་གྲེ་ དང་དབོ་གཉིས་དང། །མ་བཞི་ནག་པ་ས་རི་དང། །ས་ག་དེ་ནི་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི། །ལྷོ་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་ ལྷོ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་ [43B]སྟོན་བརྒྱ་མཐོང་བར་ཤོག་ཅིག་ལྷ་མཚམས་གཟི་བརྗིད་ཆེན་མོ་དང། །དེ་བཞིན་སྣྲོན་དང་སྣུབས་དང་ནི། །ཆུ་སྟོད་པ་དང་ནི་ཆུ་སྨད་དང། །དེ་ལྟར་བྱི་བཞིན་གྲོ་བཞིན་ནོ། ། དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི། ནུབ་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་ནུབ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ་དེ་དག་གིས་ཀྱང་རིག་སྔགས་ ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་མོན་གྲུ་དང་ནི་མོན་གྲེ་དང། །དེ་བཞིན་ཁྲུམས་ སྟོད་ཁྲུམས་སྨད་དང། །ནམ་གྲུ་དང་ནི་ཐ་སྐར་དང། །བྲ་ཉེ་དེ་ནི་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི། བྱང་གི་ཕྱོགས་ན་གནས་པ་དག་སྟེ། གང་དག་བྱང་ཕྱོགས་ སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་ མཐོང་བར་ཤོག་ཅིག་ཀུན་དགའ་བོ། ཁྱོད་ཀྱིས་གཟའ་གང་དག་རྒྱུ་སྐར་རྣམས་ཀྱི་ཁྲོད་ན་རྒྱུ་ཞིང་འགྲིབ་པ་དང། འཕེལ་བ་དང་བདེ་བ་དང། སྡུག་བསྔལ་བ་དང། ལོ་ལེགས་ པ་དག་ལོ་ཉེས་པ་དག་ཀྱང་སྟོན་པ་རྣམས་ཀྱི་མིང་ཟུངས་ཤིག་།འདི་ལྟ་སྟེ། གཟའ་ཉི་མ་དང། གཟའ་ཟླ་བ་དང། གཟའ་ཕུར་བུ་དང། གཟའ་པ་སངས་དང། གཟའ་སྤེན་པ་དང་ [44A]༄༅། །གཟའ་མིག་དམར་དང། གཟའ་ལྷག་པ་དང། གཟའ་ལྷ་མིན་དབང་པོ་སྒྲ་གཅན་དང། གཟའ་དུ་བ་མཇུག་རིང་ངོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། །དེ་ ལྟར་ཕྱོགས་ན་བདུན་བདུན་ནོ། །སྐར་མ་གཟའ་བདུན་དེ་བཞིན་ཏེ་།རྫུ་འཕྲུལ་ཆེ་ཞིང་དཀའ་ཐུབ་ཆེ། །ཉི་མ་དང་ནི་ཟླ་བ་དང། །སུམ་ཅུ་རྩ་བདུན་ཚང་བ་དག་འཆར་ བ་དང་ནི་ནུབ་པ་དང། །འཁོར་ལོ་མཚོན་ཆ་བཞིན་དུ་རྒྱུ། །འཇིག་རྟེན་དུ་ནི་ཟད་འཕེལ་བྱེད། །གཟི་ཆེ་རྫུ་འཕྲུལ་ཆེན་པོ་དག་རབ་ཏུ་དང་བའི་སེམས་ཀྱིས་སུ། །རིག་ སྔགས་རྗེས་སུ་ཡི་རང་བྱས། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་ མཐོང་བར་ཤོག་ཅིག་ཀུན་དགའ་བོ། དྲང་སྲོང་རྙིང་པ་བརྟུལ་ཞུགས་གྲུབ་པ། རིག་སྔགས་གྲུབ་པ། གྲགས་པ་འབར་བ་དང། ཀླུང་དང་རི་ལ་གནས་པ། དམོད་པའི་ མཚོན་ཆ་ཅན། དཀའ་ཐུབ་དྲག་པ། རྫུ་འཕྲུལ་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ་དེ་དག་གི་མིང་བརྗོད་ཀྱི། ཁྱོད་ཀྱིས་ཟུངས་ཤིག་ འདི་ལྟ་སྟེ། དྲང་སྲོང་ཆེན་པོ་རྒྱས་པ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གཡོན་ཕྱོགས་པ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གཡོན་ཕྱོགས་ལྷ་ཞེས་བྱ་བ་དང། དྲང་སྲོང་ [44B] དྲང་སྲོང་ཆེན་པོ་འོད་ཟེར་ཅན་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་ཀུན་གྱི་བཤེས་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གནས་འཇོག་ ཅེས་བྱ་བ་དང། དྲང་སྲོང་ཆེན་པོ་གྲོག་མཁར་བ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་འདྲོབ་སྐྱོང་གི་བུ་ཞེས་བྱ་བ་དང་དྲང་སྲོང་ཆེན་པོ་འདྲོབ་སྐྱོང་གི་བུ་རྒན་པོ་ཞེས་བྱ་བ་ དང། དྲང་སྲོང་ཆེན་པོ་ངན་སྤོང་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་ངན་སྤོང་དགའ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་འགྲོ་འཛིན་ཅེས་བྱ་བ་དང། དྲང་སྲོང་ཆེན་པོ་འགྲོ་དགའ་ ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་འཇིགས་ཅན་ཞེས་བྱ་བ་དང་དྲང་སྲོང་ཆེན་པོ་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་དང། དྲང་སྲོང་ ཆེན་པོ་མདུན་དུ་བདར་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་མགོ་བོ་ཆེ་ཞེས་བྱ་བ་དང། དྲང་སྲོང་ཆེན་བོ་གཤིན་རྗེའི་མེ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གཉིས་འཐུང་གི་བུ་ ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གཉིས་འཐུང་ནག་པོའི་བུ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་ལྗང་སྔོའི་བུ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་ལྗང་སྔོའི་ཚ་བོ་ཞེས་བྱ་བ་དང་ དྲང་སྲོང་ཆེན་པོ་དག་མཉམ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་འཕགས་པོ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་ཡང་དག་འཕགས་པོ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་ [45A]༄༅། །བཟོད་པ་སྨྲ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གྲགས་པ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་རབ་གྲགས་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་བླ་མ་ཞེས་ བྱ་བ་དང། དྲང་སྲོང་ཆེན་པོ་གྲུབ་པ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གྲུ་འཛིན་ཅེས་བྱ་བ་དང། དྲང་སྲོང་ཆེན་པོ་རྟ་བུ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གངས་ཅན་ཞེས་ བྱ་བ་དང། དྲང་སྲོང་ཆེན་པོ་མིག་དམར་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་ཆ་བྱད་འཛིན་ཅེས་བྱ་བ་དང། དྲང་སྲོང་ཆེན་པོ་གོས་ངན་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་ མདའ་ལྟར་སྣང་བ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་རྒྱགས་པ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་འོད་ཅེས་བྱ་བ་དང་དྲང་སྲོང་ཆེན་པོ་པ་བ་སངས་ཞེས་བྱ་བ་དང། དྲང་ སྲོང་ཆེན་པོ་ཕུར་བུ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་དང། དྲང་སྲོང་ཆེན་པོ་སྤེན་པ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གཟའ་ལྷག་ཅེས་ བྱ་བ་དང། དྲང་སྲོང་ཆེན་པོ་དུག་སེལ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་ས་འཛིན་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་རྭ་གཅིག་པ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་རྭ་ ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གྱུར་མིད་ཀྱི་བུ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གར་ལྡན་གྱི་བུ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་སྒྲའི་བུ་ཞེས་བྱ་བ་དང། དྲང་སྲོང་ [45B] དྲང་སྲོང་ཆེན་པོ་འཇིགས་བྱེད་གླང་པོ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་སེར་སྐྱ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་གོའུ་ཏ་མ་ཞེས་བྱ་བ་དང་ དྲང་སྲོང་ཆེན་པོ་རྟ་དམར་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་བྱིས་པ་རྩེ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་མིས་བྱིན་གྱི་བུ་ཞེས་བྱ་བ་དང། དྲང་སྲོང་ཆེན་པོ་རི་བོ་ཞེས་བྱ་བ་དང། དྲང་ སྲོང་ཆེན་པོ་སྲིན་བུ་འཛིན་ཅེས་བྱ་བ་སྟེ། ཀུན་དགའ་བོ། དྲང་སྲོང་ཆེན་པོ་རྙིང་པ་འདི་དག་ནི། རིག་བྱེད་རྣམས་བྱེད་པ། གསང་སྔགས་རྣམས་བྱེད་པ། དམོད་པ་འདོར་བ། བརྟུལ་ ཞུགས་གྲུབ་པ། གཟི་བརྗིད་ཆེ་བ་གྲུབ་པ། ཕ་རོལ་གནོན་པ་གྲུབ་པ་དག་སྟེ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་ འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་ཏདྱ་ཐཱ། ཧི་རི་ཧི་རི། ཁི་རི་ཁི་རི། མི་རི་མི་རི། ཕུ་རི་ཕུ་རི། སུ་རི་སུ་རི་ཧི་ལི་ཧི་ལི། མི་ལི་མི་ལི། སི་རི་སི་རི། ཌཕྥུ། ཌཕྥུ་ ཌ་ཌཕྤུ༑ གྲ་ས་ནི། མ་ཐ་ནི། ད་མ་ནི། ད་ཧ་ནི། གྷཱ་ཏ་ནི་པ་ཙ་ནི། པཱ་ཙ་ནི། ཏ་པ་ནི། ཏ་པ་ནི། ཧ་ན་ནི། ད་ཧ་ནི་དཱ་ཧ་ནི། ད་ཧ་ད་ཧ། ད་ཧ། ད་ལ་ད་ལ་དཱ་ལ་ནི། པ་ཊ་ནི་མོ་ཧ་ ནི༑ སྟམྦྷ་ནི། ཛམྦྷ་ནི་སྭ་ཡཾ་བཧུ་སཱཧཱ། ཀུན་དགའ་བོ་ཁྱོད་ཀྱིས་སྐྱེ་རྒུའི་བདག་པོ་ཆེན་པོ་གང་དག་ལྷ་རྣམས་དང་ཀླུ་རྣམས་དང། རླུང་ལྷ་རྣམས་དང། ལྷ་མ་ཡིན་རྣམས་ [46A]༄༅། །དང། ནམ་མཁའ་ལྡིང་རྣམས་དང། དྲི་ཟ་རྣམས་དང། མི་འམ་ཅི་རྣམས་དང། ལྟོ་འཕྱེ་ཆེན་པོ་རྣམས་དང། གནོད་སྦྱིན་རྣམས་དང། སྲིན་པོ་རྣམས་ དང། མི་དང། དུད་འགྲོའི་སྐྱེ་གནས་པ་དང། སེམས་ཅན་དམྱལ་བ་རྣམས་ཀྱི་དགེ་བ་དང། མི་དགེ་བ་ལ་སོགས་པའི་དགེ་བའི་ཁྱད་པར་གྲངས་མེད་པ་དག་གིས་འཇིག་ རྟེན་གསུམ་དུ་རྣམ་པར་གཞག་པ་རྣམས་ཀྱི་མིང་ཟུངས་ཤིག། འདི་ལྟ་སྟེ། སྐྱེ་རྒུའི་བདག་པོ་ཚངས་པ་དང། སྐྱེ་རྒུའི་བདག་པོ་བུ་ཅན་དང། སྐྱེ་རྒུའི་བདག་པོ་ཟ་ཚུལ་ གྱི་བུ་དང། སྐྱེ་རྒུའི་བདག་པོ་མེ་དང། སྐྱེ་རྒུའི་བདག་པོ་གསོ་བ་དང། སྐྱེ་རྒུའི་བདག་པོ་མདུན་དུ་བདར་དང། སྐྱེ་རྒུའི་བདག་པོ་སྤུ་ཟིང་སེལ་དང། སྐྱེ་རྒུའི་བདག་པོ་ གོ་བྱེད་དང། སྐྱེ་རྒུའི་བདག་པོ་མཛེས་གནས་དང། སྐྱེ་རྒུའི་བདག་པོ་ཟིན་པོ་དང། སྐྱེ་རྒུའི་བདག་པོ་ལུས་མཛེས་དང། སྐྱེ་རྒུའི་བདག་པོ་རབ་དགའ་དང། སྐྱེ་རྒུའི་ བདག་པོ་མཁས་པ་དང། སྐྱེ་རྒུའི་བདག་པོ་གུས་ཡོད་དེ། ཀུན་དགའ་བོ། སྐྱེ་རྒུའི་བདག་པོ་བདག་ཉིད་ཆེན་པོ་འདི་དག་ནི། གནས་པ་དང། འགྲོ་བའི་འབྱུང་བའི་ཚོགས་ བསྲུང་བའི་ཕྱིར་གནས་པ་དག་གོ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་ [46B] ཐོགས་པ་མེད་པའི་གསང་སྔགས་འདི་དག་གིས་ཀྱང་སྲུང་བ་གྱིས་ཤིག། ཏདྱ་ཐཱ། ཧི་རི་ཧི་རི། ཁི་རི་ཁི་རི། མི་རི་མི་རི། ཕུ་རི་ཕུ་རི། སུ་རི་སུ་རི་ ཧི་ལི་ཧི་ལི། མི་ལི་མི་ལི། སི་རི་སི་རི། ཌཕྥུ། ཌཕྥུ། ཌ་ཌཕྥུ། གྲ་ས་ནི། ཐ་མ་ནི། ད་མ་ནི། ད་ཧ་ནི། གྷཱ་ཏ་ནི་པ་ཙ་ནི། པཱ་ཙ་ནི། ཏ་པ་ནི། ཏཱ་པ་ནི། ཧ་ན་ནི། དཱ་ཧཱ་ནི་དཱ་ཧཱ་ནི་ ད་ཧ་ད་ཧ་ད་ཧ། ད་ལ་ད་ལ། དཱ་ལ་ནི། པཱ་ཏ་ནི། མོ་ཧ་ནི་སྟམྦྷ་ནི། ཛམྦྷ་ནི་སཱཧཱ། ཀུན་དགའ་བོ། ཁྱོད་ཀྱིས་དུག་ཆེན་པོ་རྣམས་ཀྱི་མིང་ཟུངས་ཤིག། ཏདྱ་ཐཱ། ཨཎྜ་རཱ་ པཎྜ་རཱ༑ ཀཱ་ར་ཌ། ཀེ་ཡཱུ་རཱ། བྷཱུཾ་ཏཾ་ག་མཱ། བཧུ་ཏ་པ་ཏི་བེ་དུཾ་པ་ཏི། སི་རི་པ་ཏི། ཏེ་ཛེ་པ་ཏི། ཏེ་ཛོ་གྲ་པ་ཏི། ཡ་ཤོ་བ་ཏི། ཡ་ཤོ་གྲ་པ་ཏི། ཨ་རཱ་ཌཱ། ཏ་རཱ་ཌཱ། ཏ་ར་ཏ་རཱ་ཌཱ། དནྟ་ ཛ་ཧ་ཛཽ་ཧཱ། ཛོ་ལཱ། མེ་ལཱ། ཧཱ་ལཱ། ཕཱ་ལཱ། གུ་ལ་ཧཱ་རུ་ཙི་རཱ། ད་དུ་རཱ། ཨ་རི་ཀི་ཙི་ཀཱ། ཀམྦྷ། ཤཏ་ཏནྟུ་རཱ་བི་པུ་ལི། ན་ཀུ་ལི། ཀི་རི་པི། ཏ་རང་གའི་རཥྟ། ཨ་མྲ་མ་ཏི་ཛམྦུ་ མ་ཏི༑ མ་དཧུ་མ་ཏི། ཀ་མ་ལེ། བི་མ་ལེ། ཀུཎྜ་ལེ། ཨ་ཧི་ཏུ་ཧི་དུ་ཧི། བགྒེ། བགྒེ་ངཱུ་ཏེ། བང་ས་ནཱ་བཧེ། མ་ཧཱ་ག་རེ། ཏུ་ལམྦེ། དུ་ལམྦེ། སུ་ལམྦེ་སཱཧཱ། ཀུན་དགའ་བོ། འདི་ དག་ནི༑ དུག་ཆེན་པོ་དག་སྟེ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག། སྦ་བ་དང། ཡོངས་སུ་བསྐྱབ་པ་དང། ཡོངས་ [47A]༄༅། །སུ་གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང། དུག་གཞིལ་ བ་དང། དུག་གསད་པ་དང། མཚམས་གཅད་པ་དང། ས་བཅིང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཅིག་།ཀུན་དགའ་བོ། ཁྱོད་ ཀྱིས་ཤིང་ལྗོན་པ་རྣམས་ཀྱི་མིང་ཟུངས་ཤིག། འདི་ལྟ་སྟེ། ཤིང་ལྗོན་པ་ཆེན་པོ་གསེར་ཞེས་བྱ་བ་དང། ཤིང་ལྗོན་པ་ཆེན་པོ་སེར་སྐྱ་ཞེས་བྱ་བ་དང། ཤིང་ལྗོན་པ་ ཆེན་པོ་ཁྱབ་གནས་ཞེས་བྱ་བ་དང། ཤིང་ལྗོན་པ་ཆེན་པོ་སྤྲེའུ་གནས་ཞེས་བྱ་བ་དང། ཤིང་ལྗོན་པ་ཆེན་པོ་པདྨ་དཀར་པོ་ཞེས་བྱ་བ་དང། ཤིང་ལྗོན་པ་ཆེན་པོ་ སེར་པོ་ཞེས་བྱ་བ་དང། ཤིང་ལྗོན་པ་ཆེན་པོ་མྱ་ངན་འཚང་ཞེས་བྱ་བ་དང། ཤིང་ལྗོན་པ་ཆེན་པོ་རྣ་ལྡན་བྱེད་ཅེས་བྱ་བ་དང། ཤིང་ལྗོན་པ་ཆེན་པོ་རྒྱས་བྱེད་ཅེས་ བྱ་བ་དང། ཤིང་ལྗོན་པ་ཆེན་པོ་བིལ་བ་ཞེས་བྱ་བ་དང། ཤིང་ལྗོན་པ་ཆེན་པོ་ཙུ་ཏ་ཞེས་བྱ་བ་དང། ཤིང་ལྗོན་པ་ཆེན་པོ་དེ་དག་དང་གཞན་དག་ལ་ལྷ་གང་དག་ གནས་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ [47B] ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱིས་གསུངས་ཤིང་རྗེས་སུ་ཡི་རང་བ་སྟེ། འདི་ ལྟ་སྟེ༑ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱིས་ གསུངས་ཤིང་རྗེས་སུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངས་ རྒྱས་འཁོར་བ་འཇིག་གིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ངས་ཀྱང་ད་ལྟར་བསྟན་ཅིང་རྗེས་སུ་ ཡི་རང་བའོ། །ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང་བཤད་ཅིང་རྗེས་སུ་ཡི་རང་བའོ། །མི་མཇེད་ཀྱི་ བདག་པོ་ཚངས་པས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ [48A]༄༅། །ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བ་སྟེ། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་གིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ་།གྲུལ་བུམ་གྱི་བདག་པོ་འཕགས་ སྐྱེས་པོས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ། །ཀླུའི་རྒྱལ་པོ་མིག་མི་བཟང་གིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ། །གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུས་ཀྱང་ སྨྲས་ཤིང་རྗེས་སུ་ཡི་རང་བའོ། །དྲི་ཟའི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང། གྲུལ་བུམ་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང། ཀླུའི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་ དང། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔ་རྩེན་དང། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་གྱིས་ཀྱང་སྨྲས་ཤིང་རྗེས་ སུ་ཡི་རང་བའོ། །ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། ལྷའི་གདོན་དང། ཀླུའི་གདོན་དང། རླུང་ལྷའི་གདོན་དང། ལྷ་མ་ཡིན་གྱི་གདོན་དང་ ནམ་མཁའ་ལྡིང་གི་གདོན་དང། དྲི་ཟའི་གདོན་དང། མིའམ་ཅིའི་གདོན་དང། ལྟོ་འཕྱེ་ཆེན་པོའི་གདོན་དང། གནོད་སྦྱིན་གྱི་གདོན་དང་སྲིན་པོའི་གདོན་དང། ཡི་ དྭགས་ཀྱི་གདོན་དང། ཤ་ཟའི་གདོན་དང། འབྱུང་པོའི་གདོན་དང་གྲུལ་བུམ་གྱི་གདོན་དང། སྲུལ་པོའི་གདོན་དང། ལུས་སྲུལ་པོའི་གདོན་དང། སྐེམ་བྱེད་ཀྱི་ [48B] སྨྱོ་བྱེད་ཀྱི་གདོན་དང། གྲིབ་གནོན་གྱི་གདོན་དང་བརྗེད་བྱེད་ཀྱི་གདོན་དང། གནོན་པོའི་གདོན་གྱིས་འགལ་བར་བྱ་བ་མ་ཡིན་ནོ། །གདོན་ཐམས་ཅད་ཀྱིས་ འགལ་བར་བྱ་བ་མ་ཡིན་པའོ། །མདངས་འཕྲོག་པ་རྣམས་དང། ཟས་སུ་མཇལ་ཟ་བ་རྣམས་དང། སྲོག་འཕྲོག་པ་རྣམས་དང། ཟས་སུ་གཏོར་མ་ཟ་བ་རྣམས་དང། ཟས་སུ་ ཤ་ཟ་བ་རྣམས་དང། ཟས་སུ་ཁྲག་འཐུང་བ་རྣམས་དང། ཟས་སུ་ཞག་ཟ་ཟ་རྣམས་དང། ཟས་སུ་ཚིལ་ཟ་བ་རྣམས་དང། ཟས་སུ་རྐང་ཟ་བ་རྣམས་དང། ཟས་སུ་བཙས་ པ་ཟ་བ་རྣམས་དང། ཟས་སུ་དྲི་ཟ་བ་རྣམས་དང། ཟས་སུ་མེ་ཏོག་ཟ་བ་རྣམས་དང། ཟས་སུ་འབྲས་བུ་ཟ་བ་རྣམས་དང། ཟས་སུ་ལོ་ཏོག་ཟ་བ་རྣམས་དང། ཟས་སུ་སྦྱིན་ སྲེག་ཟ་བ་རྣམས་དང། ཟས་སུ་རྣག་འཐུང་བ་རྣམས་དང། ཟས་སུ་ཕྱི་ས་ཟ་བ་རྣམས་དང། ཟས་སུ་གཅིན་འཐུང་བ་རྣམས་དང། ཟས་སུ་མཆིལ་མ་ཟ་བ་རྣམས་དང། ཟས་སུ་ ངར་སྣབས་ཟ་བ་རྣམས་དང། ཟས་སུ་སྣབས་ཟ་བ་རྣམས་དང། ཟས་སུ་ལྷག་མ་ཟ་བ་རྣམས་དང། ཟས་སུ་སྐྱུག་པ་ཟ་བ་རྣམས་དང་ཟས་སུ་མི་གཙང་བ་ཟ་བ་རྣམས་དང་ ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་ཀྱིས་འགལ་བར་བྱ་བ་མ་ཡིན་ནོ། །གཤེད་བྱེད་དང། སྒྱུར་བའི་ལས་དང། བྱང་དང་གཡེང་བྱེད་དང། རོ་ལངས་དང་ [49A]༄༅། །སེམས་སྒྱུར་དང། རྦོད་གཏོང་དང། བཟའ་ཉེས་དང། སྐྱུ་གཉེས་དང། གནོད་སྒྲིབ་དང། གནོད་བལྟས་དང། བྲི་ཉེས་དང། སྒོམ་ཉེས་དང། སྨད་པ་ རྣམས་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ། །རིམས་ཉིན་གཅིག་པ་དང་ཉིན་གཉིས་པ་དང། ཉིན་གསུམ་པ་དང། ཉིན་བཞི་པ་དང། ཉིན་བདུན་པ་དང། ཟླ་བ་ཕྱེད་ པ་དང། ཟླ་བ་གཅིག་པ་དང། ཉི་མ་ཕྱེད་པ་དང། ཉིན་མོ་པ་དང། ཡུད་ཙམ་པ་དང། རྟག་པའི་རིམས་དང། རིམས་དྲག་པོ་དང་འབྱུང་པོའི་རིམས་དང། རླུང་ལས་ གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང། བད་ཀན་ལས་གྱུར་པ་དང། འདུས་པ་ལས་གྱུར་པས་འགལ་བར་བྱ་བ་མ་ཡིན་པའོ། །རིམས་ཐམས་ཅད་ཀྱིས་འགལ་ བར་བྱ་བ་མ་ཡིན་པའོ། །ཀླད་པ་ན་བ་དང། གཞོགས་ཕྱེད་ན་བ་དང། ཡི་ག་མཆུས་པ་དང། མིག་ནད་དང། ཁ་ནད་དང། མགུལ་ནད་དང། སྙིང་ནད་དང། ལྐོག་ མའི་ལྷ་གོར་ན་བ་དང། རྣ་བ་ན་བ་དང། སོ་ན་བ་དང། སྙིང་ན་བ་དང། རྩིབ་ལོགས་ན་བ་དང། རྒྱབ་ན་བ་དང། ལྟོ་ན་བ་དང། མཁུར་བ་ན་བ་དང། ཆུ་སོན་པ་དང་ སྐྱེ་གནས་ན་བ་དང། རབ་ཏུ་སྐྱེ་གནས་ན་བ་དང། བརླན་པ་དང་བྱིན་པ་ན་བ་དང། ལག་པ་ན་བ་དང། རྐང་པ་ན་བ་དང། ཡན་ལག་ན་བ་དང། ཉེད་ལག་ན་བ་ལས་ [49B] །ཤུ་བ་དང། གཡའ་བ་དང་འབྲུམ་བུ་ཕྲ་མོ་དང། མཛེ་དང། འབྲས་དང། ཕོལ་མིག་དང་གཡན་པ་དང། མེ་དབལ་དང། ལྷོག་པ་རྣམས་ཀྱིས་ འགལ་བར་བྱ་བ་མ་ཡིན་པའོ། །ནད་ཐམས་ཅད་དང། དུག་ཐམས་ཅད་དང། སྡང་བ་ཐམས་ཅད་དང། འཇིགས་པ་ཐམས་ཅད་དང། ཡམས་ཀྱི་ནད་ཐམས་ཅད་དང། འཐབ་ པ་དང། རྩོད་པ་ཐམས་ཅད་དང། གནོད་པ་དང། ནད་འགོ་བ་དང་འཁྲུག་པ་ཐམས་ཅད་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ། །ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་ རྨ་བྱ་ཆེན་མོ་འདི་ལས་འགལ་བར་བྱས་ན། ལག་ན་རྡོ་རྗེས་དེའི་མགོ་བོ་ཚལ་པ་བདུན་དུ་འགེམས་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། རང་སངས་ རྒྱས་དང། ཉན་ཐོས་ཐམས་ཅད་ཀྱི་གཟི་བརྗིད་ཀྱིས་དེའི་སྣང་བ་མ་རུངས་པར་འགྱུར་རོ། །སེམས་མ་རུངས་པར་འགྱུར་རོ། །འཕགས་པའི་གང་ཟག་རྣམས་བསླུས་པར་འགྱུར་ རོ༑ ༑རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང་གཤུར་ཞེས་བྱ་བ་ལ་ཐུག་གི་བར་གྱི་གསང་སྔགས་ཀྱིས་དེ་ལ་སྡུག་བསྔལ་ཆེན་པོ་བྱེད་པར་འགྱུར་རོ། །ལྷ་རྣམས་ཀྱི་དབང་ པོ་བརྒྱ་བྱིན་ཡང་སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་བསྐོར་ཏེ་རྡོ་རྗེས་དེའི་མགོ་འགེམས་པར་འགྱུར་རོ། །ཚངས་པའི་གཟི་བརྗིད་ཀྱིས་ཀྱང་དེའི་འབྱོར་པ་ཐལ་བར་ [50A]༄༅། །རློག་པར་འགྱུར་རོ། །ཀུན་དགའ་བོ། སུ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་སྲུང་བ་བྱས་སམ། སྐུད་པ་བཏགས་ན། དེ་གསང་པའི་ རིགས་བ་ནི། ཆད་པས་གྲོལ་བར་འགྱུར་རོ། །ཆད་པས་གཅད་པའི་རིགས་པ་ནི། བཞུ་བཙོག་པས་སོ། །བཞུ་བཙོག་པའི་རིགས་པ་ནི། སྤྱོ་བས་སོ། །སྤྱོ་བའི་རིགས་ པ་ནི༑ དམ་བཅའ་བས་སོ། །དམ་བཅའ་བའི་རིགས་པ་ནི། སྤུ་ཟིང་ཞེས་བྱ་བས་སོ། །སྤུ་ཟིང་ཞེས་བྱ་བའི་རིགས་པ་ནི། དེ་བཞིན་དུ་ཐར་པར་འགྱུར་རོ། །དེ་ལ་རྒྱལ་པོའི་ འཇིགས་པ་འབྱུང་བར་མི་འགྱུར་ཏེ། ཆོམ་རྐུན་གྱི་འཇིགས་པ་མི་འབྱུང། མེའི་འཇིགས་པ་མི་འབྱུང་ངོ། །ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེའི་ལུས་ལ་དུག་གིས་ མི་ཚུགས་ཏེ། མཚོན་གྱིས་ཀྱང་མ་ཡིན་ནོ། །བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་རོ། །བདེ་བ་དང། གནོད་པ་མེད་པ་དང་འཇིགས་པ་མེད་པར་ འགྱུར་རོ། །ཕྱིར་རྒོལ་བ་བཅོམ་པ་དང། དགྲ་ཆོམ་པར་འགྱུར་རོ་།རྨས་པ་མེད་པར་འགྱུར་རོ། །འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ། །བདེ་བར་ཡུན་རིང་ དུ་འཚོ་བར་འགྱུར་ཏེ། ཀུན་དགའ་བོ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི། མ་གཏོགས་སོ། །ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། ཧ་ཅང་ [50B] ཆར་དཀོན་པའི་ཚེ་བཀླག་པར་བྱའོ། །དེས་ནི། ཀླུ་ཐམས་ཅད་སྤྲོ་བར་འགྱུར་ཏེ། ཆར་ཆེན་པོ་ནི། གཅོད་པར་བྱེད། ཆར་དཀོན་པའི་ཚེ་རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་དེའི་བསམ་པ་ཇི་སྲིད་པར་ཆར་འབེབས་པར་འགྱུར་རོ། །ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་དྲན་པས་ཀྱང་འཇིགས་པ་དང། དགྲ་ཐམས་ཅད་ ཞི་བར་འགྱུར་ན། སུས་དུམ་བུར་མ་གྱུར་ཅིང་རྫོགས་པར་འཆང་བའམ། བདེ་ལེགས་སུ་འགྱུར་བ་བྱས་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ། ཁྱོད་ཀྱི་རིག་སྔགས་ཀྱི་ རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཟུངས་ཤིག། འཁོར་བཞི་པོ་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་རྣམས་སྲུང་བ་དང། བསྐྱབ་པ་དང། སྦ་བའི་ ཕྱིར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་དགྲ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། འདི་ཀུན་ཆུབ་པར་གྱིས་ཤིག་ཆོངས་ཤིག་།ལྷོགས་ཤིག། ཏདྱ་ཐཱ། ཡཱ་བ་ཏི། དྷཱ་བ་ཏི་ དྷཱ་ར་ཀི། ཧུ་ལུ། ཧུ་ལུ་མེ་སཱཧཱ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མེད་པ། །སངས་རྒྱས་བདེན་ པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ཆོས་ནི་དུག་མེད་པ། །ཆོས་ཀྱི་བདེན་པས་དུག་བཅོམ་མོ། ། [51A]༄༅། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མེད་པ། །དགེ་འདུན་བདེན་པས་དུག་བཅོམ་ མོ༑ ༑སངས་རྒྱས་ཀུན་གྱི་སྟོབས་གང་དང། །དགྲ་བཅོམ་རྣམས་ཀྱི་གྲགས་གང་དང། །དེ་བཞིན་གཤེགས་པའི་གཟི་བརྗིད་ཀྱིས། །ངས་ནི་བདེ་ལེགས་འགྱུར་བ་བྱས། ། ཀུན་དགའ་བོ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་དུག་བཅོམ་མོ། །དགེ་སློང་ས་རི་བདེ་ལེགས་སུ་གྱུར་ཅིག་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་ འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་དགེ་ སློང་ས་རི་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་དགེ་སློང་ས་རི་ལ་ཆད་པ་སྤང་བ་བྱས་ཏེ། ཡོངས་སུ་བསྐྱབ་པ་དང། ཡོངས་སུ་ གཟུང་བ་དང། ཡོངས་སུ་བསྐྱང་བ་དང། ཞི་བ་དང། བདེ་ལེགས་སུ་འགྱུར་བ་དང། ཆད་པ་སྤང་བ་དང། མཚོན་ཆ་སྤང་བ་དང་དུག་གཞིལ་བ་དང། དུག་གསད་པ་དང་ མཚམས་གཅད་པ་དང། ས་བཅིང་བ་བྱས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོས་སྲུང་བ་དང། བདེ་ལེགས་སུ་འགྱུར་བ་བྱས་པས། ཚེ་དང་ལྡན་པ་དགེ་སློང་ས་རི་ནད་དེ་ལས་ [51B] །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང། ཚེ་དང་ལྡན་པ་དགེ་སློང་ས་རི་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ འཚལ་ཏེ། ཇི་ལྟར་གྱུར་པ་ཐམས་ཅད་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་གནང་སྟེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་ པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིའི་མཐུ་མཐོང་ངམ། ཀུན་དགའ་བོས་བཅོམ་ལྡན་འདས་དེ་བཞིན་དུ་གསུང་ བ་དེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླང་དུ་མ་འཚལ། བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ་ཀུན་དགའ་བོ། འདི་ལྟར་རྒྱ་མཚོ་ ཆེན་པོ་བཞི་ནི། སྐམ་ཡང་སྲིད། ས་ནི། ནམ་མཁའ་ལ་འཕགས་ཀྱང་སྲིད། ཟླ་བ་དང་ཉི་མ་ནི། ས་ལ་ལྟུང་ཡང་སྲིད། ཀླུང་ནི་རྒྱུན་ལས་ལྡོག་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པའི་ བཀའ་ནི། གཞན་དུ་འགྱུར་མི་སྲིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། དེ་ལྟ་བས་ན། རིག་སྔགས་ཀྱི་རྒྱལ་ མོ་རྨ་བྱ་ཆེན་མོ་འདི་ལ་འཁོར་བཞི་པོ་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་རྣམས་མོས་པར་གྱིས་ཤིག་།ཚེ་དང་ལྡན་པ་ཀུན་དགའ་བོས་ [52A]༄༅། །བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་ནས་འཁོར་བཞི་པོ་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་ དང། དགེ་བསྙེན་མ་དེ་རྣམས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་མོས་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་ དགའ་བོ་དང། ཚེ་དང་ལྡན་པ་ས་རི་དང། ལྷ་དང། མི་དང། ལྷ་མ་ཡིན་དང། རླུང་ལྷ་དང། ནམ་མཁའ་ལྡིང་དང། དྲི་ཟ་དང་མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། གནོད་ སྦྱིན་དང། སྲིན་པོ་དང། མི་དང། མི་མ་ཡིན་པ་གང་དག་འཁོར་དེར་འདུས་ཏེ་འཁོད་པ་དེ་དག་ཐམས་ཅད་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་ བསྟོད་དོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དཧི་དང་ཛྙཱ་ན་སིདྡྷི་དང། ཤཱཀྱ་པྲ་བྷ་དང། ཞུ་ཆེན་ གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ་